ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་རན་གྱི་རྡུལ་ཕྲན་གྱི་གནད་དོན་དང་ གནད་དོན་དེ་དང་འབྲེལ་བའི་ཐོག་ནས་རྒྱལ་སྤྱིའི་ཡུལ་གྲུ་ཁག་གིས་ཨི་རན་ལ་དཔལ་འབྱོར་གྱི་ཉེས་ཆད་མང་པོ་ཞིག་བསྐལ་ཡོད་པ་དེ་དག་མཚམས་འཇོག་བྱ་ཕྱོགས་བཅས་ཀྱི་ཐད་འབྲེལ་ཡོད་སྐུ་ཚབ་འཐུས་མི་ཕན་ཚུན་རེས་གཟའ་ལྷག་པའི་ཉིན་ཨཽས་ཏྲི་རི་ཡེའི་རྒྱལ་ས་ཝི་ཡཱ་ནར་གྲོས་མོལ་མུ་མཐུད་དེ་གནང་ཡོད་པ་དང་ ཡིན་ནའང་ ཡུ་རོབ་མཉམ་འབྲེལ་གྱི་གྲོས་འགྲིག་མི་སྣ་གཙོ་བོ་ཞིག་ཡུཀ་རེན་ནང་བྱུང་བཞིན་པའི་དྲག་ཟིང་གི་དཀའ་རྙོག་ཐད་དོ་འཁུར་གནང་རྒྱུའི་ཆེད་དུ་གྲོས་མོལ་ནས་ཕྱིར་འཐེན་གནང་དགོས་བྱུང་ཡོད་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཨེལ་ པེ་སེན་གྱིས་སྤེལ་བའི་གནས་ཚུལ་ཞིག་ དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG