ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ལྷན་འཛོམས་ལ་གནང་བའི་གསུང་བཤད་ཀྱི་སྐོར་ལ་བཅའ་འདྲི་ཞུས་པ།


འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཆེ་བའི་G-20སྟེ་རྒྱལ་ཁབ་༢༠ཡི་དབུ་ཁྲིད་ཀྱི་ལྷན་ཚོགས་གནང་རྒྱུའི་སྔ་རོལ་གྱི་ཕྱི་ཚེས་༢༩དང་རེས་གཟའ་པ་སངས་ཉིན་འཛམ་གླིང་གི་རྒྱལ་ཁབ་༢༤ཙམ་གྱི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་སྒྲིག་འཛུགས་ཀྱིས་G-20 ལྷན་ཚོགས་གནང་ཡུལ་ཨི་ཁྲ་ལིའི་རྒྱལ་ས་རུམ་ལ་རྒྱ་ནག་དམར་ཤོག་གཞུང་གིས་འཛིན་པའི་སྲིད་བྱུས་ཁག་འཐེར་འདོན་གྱིས་ཡོ་བསྲང་དགོས་པའི་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་མགྲོན་འབོད་ཞུས་ཡོད་ལྟར་ཆེད་ཕེབས་ཀྱིས་རྒྱལ་སྤྱིའི་ལྷན་ཚོགས་ལ་རྒྱ་ནག་གི་དྲག་པོའི་བཙན་གནོན་འོག་བོད་ཀྱི་སྣོད་བཅུད་་གཉིས་ལ་དཀའ་ངལ་ཇི་ཙམ་འཕྲད་བཞིན་པའི་གནད་དོན་ཁག་ངོ་སྤྲོད་དང་སྦྲགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནད་དོན་དེ་དག་བདག་སྤྲོད་ཀྱིས་དཀའ་ངལ་སེལ་ཐབས་ལ་རོགས་སྐྱོར་ཡོང་བའི་རེ་འདུན་ཤུགས་ཆེ་གནང་ཡོད་པའི་སྐོར་བློ་བཟང་ཡེ་ཤེས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཞལ་པར་བརྒྱུད་བཅའ་འདྲི་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།


XS
SM
MD
LG