ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱལ་སྤྱིའི་གཞོན་ནུའི་ལྷན་ཚོགས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་བྱ་རྒྱུ་བགྲོས་ཆོད་བཞག་པ།


འདས་པའི་ཕྱི་ཟླ་བཞི་པའི་ཚེས་༢༠་ནས་ཉིན་གྲངས་ལྔའི་རིང་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་པེ་ར་གྷུཡེ་ནང་ཚོགས་པའི་འཛམ་གླིང་གི་རྒྱལ་ཁབ་བརྒྱ་བརྒལ་བ་ནས་འཐུས་མི་ཆེད་འབྱོར་གྱི་གཞོན་ནུའི་ལྷན་ཚོགས་དེའི་ནང་ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟུང་འབྲེལ་དྲུང་ཆེ་བསྟན་འཛིན་ནོར་བཟང་ལགས་ཀྱིས་མཉམ་ཞུགས་གནང་ཡོད་པ་མ་ཟད་ ཁོང་གིས་བོད་དོན་ཐོག་གཏམ་བཤད་གནང་བ་དང་དེ་བཞིན་པེ་ར་གྷུཡེ་ཡི་སྲིད་འཛིན་དང་མཇལ་འཕྲད་སོགས་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཚོགས་ཆེན་དེའི་ཐོག་ནས་བོད་ཀྱི་ཉག་ཕྲ་བའི་དཀའ་ངལ་ཁག་སེལ་ཕྱོགས་ལ་སྨིན་པའི་གྲོས་ཆོད་དོན་ཚན་ལྔ་ཅན་ཞིག་བཞག་ཡོད་འདུག། འདིའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་བསྟན་འཛིན་ནོར་བཟང་ལགས་སུ་གནས་འདྲི་ཞུས་པ་དེ་གསན་གྱི་རེད།

XS
SM
MD
LG