ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རིགས་ལམ་སློབ་གཉེར་ཁང་གི་ཕྱི་རྒྱལ་གྱི་སློབ་གཉེར་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རིགས་ལམ་སློབ་གཉེར་ཁང་དུ་སློབ་གཉེར་གནང་མཁན་གྱི་གྲས་སུ་ཕྱི་རྒྱལ་ནས་ཡོང་བའི་སློབ་ཕྲུག་མི་ཉུང་བ་ཞིག་ཡོད་པ་དང་། ཁག་ཅིག་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་རྒྱ་གར་ནས་རང་ཡུལ་ལ་ཕེབས་ཐུབ་མེད། ཕར་ཕྱིན་རབ་འབྱམས་པའི་སློབ་མ་ངག་དབང་བློ་གྲོས་ལགས་ཀྱིས་འགྲོ་འོང་བཀག་སྡོམ་རིང་ཁོང་ནི་རྩམ་པར་དགའ་མཁན་ཞིག་ཏུ་གྱུར་སོང་ཟེར།།

རིགས་ལམ་སློབ་གཉེར་ཁང་དུ་སློབ་གཉེར་གནང་མཁན་གྱི་གྲས་སུ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡོང་བའི་སློབ་ཕྲུག་མི་ཉུང་བ་ཞིག་ཡོད་པ་དང་། ཁག་ཅིག་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་རྒྱ་གར་ནས་རང་ཡུལ་ལ་ཕེབས་ཐུབ་མེད། བཞུགས་སྒར་དུ་གནས་སྡོད་བྱེད་མཁན་ཕྱི་རྒྱལ་སློབ་གཉེར་བ་ཁག་ཅིག་ལ་ད་ལྟའི་གནས་སྟངས་སྐོར་བཀའ་འདྲི་ཞུས་སྐབས། སྤྱིར་བཏང་འཚོ་བའི་ཐད་དཀའ་ངལ་འཕྲད་མེད་ཀྱང་། མཚན་ཉིད་སྦྱོང་མཁན་ཞིག་ཡིན་པའི་ཆ་ནས་འདི་ལོར་མཚན་ཉིད་རྩོད་མི་ཐུབ་པ་སོགས་ཀྱི་སློབ་སྦྱོང་བྱ་སྟངས་ཐོག་དཀའ་ངལ་འཕྲད་ཡོད་པ་དང་། ཡང་ཕར་ཕྱིན་རབ་འབྱམས་པའི་སློབ་མ་ངག་དབང་བློ་གྲོས་ལགས་ཀྱིས་འགྲོ་འོང་བཀག་སྡོམ་རིང་ཁོང་གི་ཕ་ཡུལ་དུ་ཏོག་དབྱིབས་ནད་དུག་གློ་བུར་འཕེལ་བས་ཁོ་བོའི་ནང་མིས་སེམས་ཁྲལ་དང་རང་ཉིད་ནི་སྔར་ལས་ཀྱང་རྩམ་པར་དགའ་མཁན་ཞིག་ཏུ་གྱུར་སོང་ཟེར།།
XS
SM
MD
LG