ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཚོགས་ཆེན།



༄༅།། རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཆེས་མཐོའི་ཚོགས་ཆེན་དེ་ཕྱི་ཟླ་༧་པའི་ཚེས་༡༣་ནས་ཚེས་༡༥་བར་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཚོགས་ཡོད་ཅིང་། ཆོས་ལུགས་དད་མོས་དང་རྒྱལ་ཁབ་ཐ་དད་ཡིན་པའི་སྒྲིག་འཛུགས་༤༠་ལྷག་ཚོགས་ཆེན་དེར་མཉམ་ཞུགས་གནང་འདུག་པར་མ་ཟད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཚོགས་ཆེན་ལ་གསུང་འཕྲིན་ཞིག་སྩལ་འདུག དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའོ་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སི་བཅས་ཀྱིས་ཀྱང་གསུང་བཤད་གནང་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG