ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྨན་ཁབ་བརྒྱབ་པའི་རྗེས་སུ་སྨན་པ་ཚོར་ནད་མནར་དང་འཆི་སྐྱོན།


༄༅།། རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་སྨན་ཐུན་གཉིས་ཀ་བརྒྱབ་པའི་རྗེས་སུ་ཨིན་རྡུ་ནེ་ཤི་ཡའི་སྨན་པ་དང་སྨན་ཞབས་པ་མང་དག་ཅིག་ལ་བསྐྱར་དུ་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་འགོས་ནས་ནད་མནར་དང་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོན་ཡོད་ཅིང་། ངོ་བོ་གཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ནི་ཉེ་ཆར་རྒྱ་གར་ལ་ཁྱབ་སྟེ་དཀའ་ངལ་ཚབས་ཆེན་ཞིག་ཕྲད། དེང་སྐབས་རྒྱལ་ཁབ་མང་པོར་ཌེལ་ཊ་ཞེས་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ནས་རྒྱ་ནག་གི་སྨན་ཁབ་རྒྱག་ཡུལ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་གྲས་སུ་བསྐྱར་དུ་ཏོག་དབྱིབས་ནད་དུག་འགོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG