ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འབར་མའི་གཞུང་ཚབ་ཁང་ལ་གཏོར་རྒོལ་ངན་ཇུས།


ཨིན་རྡུ་ཎེ་ཞི་ཡར་བཅའ་སྡོད་འབར་མའི་གཞུང་ཚབ་ལ་ཁ་ཆེ་ཚོས་འབར་རྫས་ཀྱིས་གཏོར་རྒོལ་བྱ་རྒྱུའི་ལྐོག་ཇུས་བཤམས་ཡོད་ཅིང་། འདི་ནི་འབར་མའི་གཞུང་གིས་ཁ་ཆེ་མི་རིགས་ལ་བཟུང་བའི་སྲིད་ཇུས་དེར་ངོ་རྒོལ་བྱ་བའི་ཆེད་དུ་ཡིན་སྲིད་པ་དང་། འཇིགས་སྐུལ་དྲག་སྤྱོད་པར་ཉམས་ཞིབ་བྱེད་མཁན་ཞིག་གིས་བརྗོད་པ་ལྟར་ན། འབར་མའི་གཞུང་གིས་ཁ་ཆེ་དྲག་སྤྱོད་པར་གདོང་ལེན་བྱ་དགོས་པའི་དུས་ཚོད་ཅིག་ལ་བསླེབས་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཌེ་ཎིལ་ཤཱེ་ཧྥོར་གྱིས་བཏང་ཡོང་བའི་གནས་ཚུལ་ཞིག་ཚེ་རིང་སྐྱིད་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG