ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་གར་གྱི་ཁ་ཆེའི་ལྷ་ཁང་ཞིག་རྩ་གཏོར།


༄༅།། རྒྱ་གར་གྱི་ཨུ་ཏར་པུར་དྷེ་ཤི་མངའ་སྡེའི་ས་གནས་ཤིག་གི་འགོ་ཁྲིད་ཚོས་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གི་བཀའ་རྒྱ་ལ་བརྩི་མེད་བཏང་ནས་ཁ་ཆེའི་ལྷ་ཁང་ཞིག་ས་འདེད་འཕྲུལ་འཁོར་གྱིས་རྩ་གཏོར་བཏང་ཡོད་ཅིང་། འདི་ནི་༡༩༩༢་ལོར་ཧིན་རྡུ་མི་རིགས་རིང་ལུགས་པའི་དཔུང་ཚོགས་ཤིག་གིས་ཨ་ཡོ་དྷི་ཡ་ས་ཁུལ་གྱི་བྷབ་རི་ཁ་ཆེའི་ལྷ་ཁང་གཏོར་བཤིག་བཏང་བ་ནས་བཟུང་། ད་ལྟའི་བར་དུ་ཁ་ཆེ་ཚོའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཞིག་ལ་གཏོར་བཤིག་བཏང་མྱོང་མེད་པ་ཞིག་ཕོག་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG