ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་གར་གྱི་བདེ་འཇགས་ལ་བོད་དོན་གལ་གནད་ཆེ།


༄༅།། ཕྱི་ཟླ་༦་པའི་ཚེས་༡༥་ཉིན་ལྡི་ལིའི་འཕགས་བོད་འབྲེལ་མཐུད་ལས་ཁང་གིས་ཧིན་བོད་ས་མཚམས་ཀྱི་དཔའ་བོར་རྗེས་དྲན་ཞེས་དྲྭ་ལམ་དུ་ཚོགས་འདུ་ཞིག་བསྐོངས། སྔ་ལོ་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་མི་ཁག་ཅིག་ལག་འཛིང་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་ཐམ་པའི་ཚེ་སྲོག་ཤོར་ནས་ལོ་གཅིག་འཁོར་བར་མྱང་ངན་དང་རྗེས་དྲན་ཚུགས། ལྷག་པར་དུ་མཁས་པ་དང་ཆེད་ལས་མི་སྣ་ཚོས་ཐེངས་འདིའི་ཚོགས་འདུའི་ཐོག་ཏུ་རྒྱ་གར་གྱི་བདེ་འཇགས་ལ་བོད་དོན་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པའི་ནན་བརྗོད་གནང་སོང་། རྒྱ་གར་གྱི་དམག་དཔོན་ཟུར་པ་ཎི་ལཱེན་དྷ་ར་ཀུ་མར་གྱིས་ན་ནིང་གྷལ་ཝན་ལུང་གཤོང་དུ་གདོང་ཐུག་བྱུང་བར་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་ཆེན་པོ་བྱུང་ཞིང་། རྒྱ་གར་གཞུང་དམངས་གཉིས་ཀས་གནད་དོན་དེ་ཆུང་ཚགས་ཤིག་ཏུ་ངོས་འཛིན་བྱེད་མི་ཉན། དམག་འཁྲུག་གི་དུས་སུ་རྒྱལ་ཁ་དང་ཕམ་ཁ་ལས་གདམ་ཀ་གཞན་པ་མེད། རྒྱ་གར་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ས་མཚམས་སྲུང་ཕྱོགས་ཐད་འཐུས་ཤོར་གཏན་ནས་གཏོང་མི་ཉན་ཞེས་འབོད་སྐུལ་ཞུས། ཁོང་གིས་རྒྱ་གར་གྱི་འགོ་ཁྲིད་ཚོས་གནད་དོན་དེ་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ལ་ངོས་འཛིན་གྱིས་བོད་པ་དང་ལ་དྭགས་པའི་ན་གཞོན་གང་མང་ཞིག་དམག་གི་སྒྲིག་ཁོངས་སུ་འཇུག་རྒྱུའི་རྨང་གཞིའི་གྲ་སྒྲིག་བྱེད་དགོས་ཞེས་ནན་བརྗོད་བྱས་འདུག

རྒྱ་གར་གྱི་ཁོར་ཡུག་ཆེད་ལས་པ་སོམ་ཡ་དིབ་དྷ་ཏས་རྒྱ་ནག་གཞུང་གིས་རྒྱ་གར་ལ་ཁོར་ཡུག་གི་དམག་འཁྲུག་དང་ལྟ་གྲུབ་ཀྱི་དམག་འཁྲུག གདོང་ཐུག་གི་དམག་འཁྲུག་བཅས་ཀྱི་དམག་འཐབ་རིགས་མི་འདྲ་བ་གསུམ་རྒྱག་གི་འདུག རྒྱ་གར་གཞུང་དམངས་གཉིས་ཀས་རྒྱ་ནག་ལ་དོགས་ཟོན་བྱས་ནས་གྲ་སྒྲིག་བྱེད་གལ་ཆེ། རྒྱ་ནག་གཞུང་གིས་ས་མཚམས་ཀྱི་མང་ཚོགས་རྣམས་བློ་འགུགས་ཐབས་བྱེད་བཞིན་ཡོད་པས་ང་ཚོས་ཀྱང་ཐེངས་འདིའི་ཚོགས་འདུའི་ཐོག་ཏུ་སྔ་ལོ་ཚེ་སྲོག་ཤོར་བའི་རྒྱ་གར་གྱི་དམག་མི་རྣམས་ལ་རྗེས་དྲན་ཡག་ཤོས་ནི་རྒྱ་གར་གྱི་ས་མཚམས་ཁག་གི་མི་མང་དཀྱུས་མ་ཚོས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་ནུས་པ་མཉམ་འདོན་བྱེད་དུ་འཇུག་རྒྱུ་གལ་ཆེན་ཡིན། ལྷག་པར་དུ་རྒྱ་གར་གྱི་བདེ་འཇགས་ལ་བོད་དོན་གནད་འགག་ཅིག་ཡིན་པས་བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་གཉིས་མཉམ་འབྲེལ་གྱིས་མང་ཚོགས་ལ་བོད་དང་རྒྱ་གར་ས་མཚམས་ཞེས་འབོད་དུ་འཇུག་རྒྱུ། རྒྱ་དཀར་ནག་གི་ས་མཚམས་ཞེས་འབོད་མི་ཉན་པའི་གོ་རྟོགས་སྤེལ་རྒྱུ་ཤིན་ཏུ་གལ་ཆེན་ཞིག་མཐོང་གི་འདུག ལོ་གཅིག་གི་རིང་དེར་རྒྱ་ནག་གིས་རྒྱ་གར་གྱི་བདག་དབང་ཡོད་པའི་ས་མཚམས་ཁུལ་དུ་ཧམ་འཛུལ་བྱས་པར་མཐའ་གཅིག་ཏུ་སྐྱོན་བརྗོད་བྱ་དགོས། རྒྱ་གར་ནི་ཆོས་ལྡན་དང་ཞི་བདེར་དགའ་བའི་རྒྱལ་ཁབ་ཅིག་ཡིན་རུང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཐུག་ན་ཐམས་ཅད་བློས་གཏོང་ཐུབ་མཁན་ཞིག་ཡིན་ཞེས་ནན་བརྗོད་གནང་འདུག

ཚོགས་འདུ་བཀོད་སྒྲིག་པ་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ལས་རིམ་འདི་རྒྱ་ནག་གཞུང་གིས་ཧམ་འཛུལ་སྲིད་བྱུས་ཐེར་འདོན་བྱེད་པའི་ཆེད་དུ་ཡིན་ཞེས་བཀྲལ། ན་ནིང་ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་གྷལ་ཝན་ལུང་གཤོང་གི་འཐབ་འཁྲུག་སྐབས་སུ་རྒྱ་གར་བའི་དམག་མི་༢༠་ཐམ་པའི་ཚེ་སྲོག་ཤོར། ཕྱི་ཟླ་༨་ཚེས་༣༠་དགོང་མོར་ལ་དྭགས་ཁུལ་དུ་རྒྱ་གར་བའི་མཐའ་སྲུང་དམག་མིའི་ཁོངས་སུ་བོད་པ་དྭང་ཞབས་པ་ཉི་མ་བསྟན་འཛིན་སྐོར་གཡེང་དུ་བསྐྱོད་པའི་སྐབས་སུ་འབར་རྫས་བཀད་ནས་སྲོག་སྐྱོན་ཕོག འདས་པའི་ལོ་ཧྲིལ་པོར་རྒྱ་གར་མི་དམངས་ཀྱིས་རྒྱ་ནག་ལ་སྔར་དང་མི་འདྲ་བའི་ལྟ་ཚུལ་ངན་པ་ཞིག་བྱུང་། སྔ་ལོའི་ཕྱི་ཟླ་༡༡་ནང་དུ་རྒྱ་གར་གཞུང་གིས་རྒྱ་མིའི་བཀོལ་ཆས་༢༠༠་བཀག་པར་མ་ཟད། རྒྱ་དཀར་ནག་གི་ཚོང་ལས་གན་རྒྱ་མང་དག་ཅིག་མེད་པར་བཟོས། རྒྱ་གར་གྱི་མང་ཚོགས་གྲས་སུ་རྒྱ་མིའི་ཅ་དངོས་ཉོ་ཚོང་མཚམས་འཇོག་བྱེད་དགོས་ཞེས་ལས་འགུལ་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG