ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་རྒྱ་གར་ལ་རྒྱལ་དོན་འཚམས་འདྲིར་མ་ཕེབས་གོང་། ཁོ་ཚོར་ཚོང་དོན་གྱི་རྩོད་གཞི་མང་དག་ཅིག་ཡོད་པ་རྣམས་སེལ་ཐབས་བྱ་རྒྱུ་དེར་ཕྱོགས་གཉིས་ཀས་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུའི་འབད་བརྩོན་ཆེན་པོ་བྱས་ཀྱང་དོན་འབྲས་སོན་རྒྱུའི་རེ་བ་མེད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།