ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

རྒྱ་གར་ལ་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་ཕོག་ནས་ལོ་༢་འཁོར་པ།


ཕྱི་ཟླ་༡༡་ཚེས་༢༦་ཉིན་རྒྱ་གར་རྒྱལ་ཡོངས་སུ་བྷམ་བྷེ་གྲོང་ཁྱེར་ལ་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་ཕོག་ནས་ལོ་གཉིས་འཁོར་པའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང་། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སེང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་དང་སྐྲག་སྣང་། དཀའ་ངལ་ཆེ་བའི་དུས་སྐབས་དེར་བྷམ་བྷེ་གྲོང་ཁྱེར་གྱི་མི་མང་གི་དང་རྒྱ་གར་གྱི་བདེ་འཇགས་སྲུང་དམག་གཉིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་བྱས་ཏེ། ཁོང་ཚོས་ཞུམ་པ་མེད་པར་འཇིགས་སྐུལ་རིང་ལུགས་པ་ཚོར་འཐབ་རྒོལ་བྱས་ནས་ཕམ་པར་བྱས་པ་དེར་བསྔགས་བརྗོད་དང་གུས་ཞབས་ཡོད། པ་ཀི་སི་ཐན་གྱིས་རང་གི་ས་ཐོག་ཏུ་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་རྟེན་གཞི་དེ་དག་རྩ་མེད་གཏོང་དགོས་པ་དང་། བྷམ་བྷའི་གྲོང་ཁྱེར་ལ་གཏོང་རྒོལ་བྱས་པ་དེར་འབྲེལ་བ་ཡོད་པའི་ཉེས་ཅན་པ་རྣམས་ཁྲིམས་ལ་སྦྱོར་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG