ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་གར་ལ་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་པ།


༄༅།། རྒྱ་གར་ལ་ཉི་མ་རེར་ཏོག་དབྱིབས་ནད་དུག་འགོས་པའི་མིའི་གྲངས་འབོར་ནི་སྔོན་ཆད་བྱུང་མྱོང་མེད་པ་ཞིག་འབྱུང་གི་ཡོད་ཅིང་། འདས་པའི་ཉིན་ཞག་གཅིག་གི་རིང་ལ་ནད་པ་གསར་པ་༢༦༣༠༠༠་བྱུང་བ་དང་མི་༡༦༡༩་ལ་འཆི་སྐྱོན་བྱུང་སོང་ཞེས་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་འདུག རྒྱལ་ས་ལྡི་ལིར་ནད་དུག་ཁྱབ་གདལ་ཤུགས་ཆེན་ཞིག་འགྲོ་བཞིན་པས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་རྒྱལ་ས་ལྡི་ལིར་བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་བར་དུ་མི་མང་རྣམས་གང་བྱུང་ཕྱི་ལ་འཐོན་མི་ཆོག་པའི་དམ་དྲག་བྱེད་ཡོད་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG