ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་དཀར་ནག་གི་ཚོང་ལས་ཨ་སྒོར་ཐེར་འབུམ་༤༨་ལྷག་ཆ་མཉམ་མེད་པ།


༄༅།། རྒྱ་གར་གྱིས་དུས་ནས་དུས་སུ་རྒྱ་ནག་ལ་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པའི་ཁྱད་པར་ཆེ་རུ་འགྲོ་བཞིན་འདུག་ཅེས་བློ་འཚབ་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད་ཅིང་། ད་ལྟ་རྒྱ་གར་གཞུང་གིས་ཕྱོགས་གཉིས་ཀྱི་ཉོ་ཚོང་གི་གཞི་གྲངས་གསལ་བསྒྲགས་བྱས་པ་ལྟར་ན། ༢༠༡༩་ནས་༢༠༢༠་བར་དུ་རྒྱ་གར་གྱིས་རྒྱ་ནག་ནས་ཨ་སྒོར་ཐེར་འབུམ་༦༥་དང་གྲངས་ཆུང་༢༦་གི་དངོས་ཟོག་ནང་འདྲེན་བྱས་འདུག རྒྱ་ནག་གིས་རྒྱ་གར་ནས་ཨ་སྒོར་ཐེར་འབུམ་༡༦་དང་གྲངས་ཆུང་༦་གི་དངོས་ཟོག་མ་གཏོགས་ནང་འདྲེན་བྱས་མི་འདུག རྒྱ་དཀར་ནག་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པའི་ཁྱད་པར་ཨ་སྒོར་ཐེར་འབུམ་༤༨་དང་གྲངས་ཆུང་༦༦་ལ་སླེབས་ཡོད་པའི་སྐོར། གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG