ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ལ་ཁྱབ་བཞིན་པའི་ངོ་བོ་ཉིས་འགྱུར་གྱི་ནད་དུག་ཉེན་ཚབས་ཆེ་བ།


༄༅།། རྒྱ་གར་ལ་འདས་པའི་གཟའ་འཁོར་གཅིག་གི་རིང་དུ་ཉིན་ལྟར་ཏོག་དབྱིབས་ནད་དུག་ཕོག་པའི་གྲངས་འབོར་འབུམ་བཞི་ཡས་མས་རེ་བྱུང་ཡོད་ཅིང་། དེ་རིང་གཟའ་མིག་དམར་ཉིན་རྒྱ་གར་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་རིང་དེར་ནད་དུག་འགོས་པའི་གྲངས་འབོར་ཕྲན་བུ་ཞིག་ཉུང་དུ་ཕྱིན་ཡོད་ཀྱང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་གར་ལ་ཁྱབ་བཞིན་པའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་དེར་འཛམ་གླིང་ཡོངས་ཀྱིས་དོགས་ཟོན་དང་བློ་འཚབ་བྱེད་དགོས་པ་ཞིག་རེད་ཅེས་ངོས་འཛིན་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG