ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་ལ་ནད་དུག་ཁྱབ་པའི་དཀའ་ངལ་དེར་རོགས་སྐྱོར།


༄༅།། གཟའ་མིག་དམར་ཉིན་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་རིང་ལ་རྒྱ་གར་རྒྱལ་ཡོངས་སུ་མི་༣༢༠༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་གསར་དུ་འགོས་པ་དང་མི་༢༧༧༡་ལ་འཆི་སྐྱོན་བྱུང་ཡོད་ཅིང་། རྒྱ་གར་ལ་འཚོ་རླུང་དང་སྨན་ཁབ། སྨན་དང་དབུགས་གཏོང་འཕྲུལ་ཆས་སོགས་འདང་ངེས་མེད་པར་ཕྱིའི་རྒྱལ་ཁབ་ཁག་གིས་རོགས་རམ་སྤྲོད་ཀྱི་ཡོད་པར་མ་ཟད། རྒྱ་གར་གཞུང་གིས་དམག་གི་སྨན་པ་དང་འཕྲོད་བསྟེན་ལས་མི་རྣམས་བཏང་ནས་མི་དམངས་ལ་སྨན་བཅོས། རྒྱ་གར་གྱི་འབྱོར་ལྡན་པ་ཚོས་ཀྱང་གཞུང་དམངས་གཉིས་ཀར་རོགས་སྐྱོར་བྱ་དགོས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG