ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་དང་པ་ཀི་སི་ཐན་གྱི་ཞི་བའི་གྲོས་མོལ་འཕྲོ་སྐྱོང་པའི་རྟགས་མཚན།


འབྲུག་ཡུལ་གྱི་རྒྱལ་ས་ཐིམ་བུ་གྲོང་ཁྱེར་དུ་ལྷོ་ཨེ་ཤེ་ཡའི་ཡུལ་གྲུ་མཉམ་འབྲེལ་གྱི་ལོ་འཁོར་ཚོགས་འདུ་ཚོགས་ཡོད་པ་དང་། ད་ལོའི་ཚོགས་ཆེན་གྱི་ཞོར་དུ་རྒྱ་གར་དང་པ་ཀི་སི་ཐན་གྱི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཚོ་ཐུག་འཕྲད་བྱས་ཏེ། ཁོང་ཚོས་ཕྱོགས་གཉིས་ཀྱི་ཞི་བའི་གྲོས་མོལ་མཚམས་ཆད་ཡོད་པ་དེ་འཕྲོ་སྐྱོང་བྱེད་རྒྱུའི་བརྡ་ཞིག་བཏང་བ་དང་། རྒྱ་གར་དང་པ་ཀི་སི་ཐན་གྱི་ཞི་བའི་གྲོས་མོལ་འཕྲོ་སྐྱོང་བྱེད་རྒྱུ་གནད་འགག་ཆེན་པོ་ཡིན་པའི་རྣམ་འགྱུར་བསྟན་རུང་། དགྲ་ཁ་གཏད་དུ་གྱུར་པའི་ལྷོ་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་ཞི་བའི་གྲོས་མོལ་ནམ་འཕྲོ་སྐྱོང་བྱེད་རྒྱུ་ཡིན་མིན་གྱི་དུས་ཚོད་གསལ་བསྒྲགས་བྱས་མེད་པ་དང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཎི་རུ་པ་མ་རའོ་ཡིས་གསར་འགོད་པར། ང་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་རེ་བ་འཆང་ཡོད། འོན་ཀྱང་རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་བ་དེ་ཉིད་ཧ་ཅང་མགོ་བོ་ཉོག་པོ་ཞིག་ཡིན་པའི་དངོས་ཡོད་གནས་སྟངས་ཀྱང་ངོས་ཟིན་དགོས་ཞེས་བཤད་ཡོད་པ་རེད།

XS
SM
MD
LG