ངོ་འཕྲད་བདེ་བའི་དྲ་འབྲེལ།

རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ཨེ་ཤི་ཡའི་སྙིང་པོ་ཞེས་པའི་ཨེ་ཤི་ཡ་མངའ་ཁུལ་རྒྱལ་ཁབ་ཁག་གི་ལོ་རེའི་ལྷན་ཚོགས་དེའི་ཞོར་དུ་རྒྱ་གར་དང་། པ་ཀི་སི་ཐན་གཉིས་ཀྱི་ཕྱི་འབྲེལ་དྲུང་ཆེ་རྣམ་གཉིས་དབར་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད། ཉེ་དུས་ཕྱི་ཟླ་དང་པོའི་ནང་རྒྱ་གར་བྱང་ཕྱོགས་ཁུལ་གྱི་མཁའ་དམག་དཔུང་སྡེའི་རྟེན་གཞི་ལ་པ་ཀི་སི་ཐན་ནས་ཡོང་བའི་དྲག་སྤྱོད་པ་ཁག་ཅིག་གིས་གཏོར་རྒོལ་བྱས་པར་བརྟེན་རྒྱལ་ཁབ་གཉིས་དབར་གྱི་གྲོས་མོལ་ཕྱི་འགྱངས་བྱས་པ་རེད། རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པའི་དེ་དང་འབྲེལ་ཡོད་ཀྱི་གནས་ཚུལ་གསར་པ་དག་ཕྱོགས་བསྡུས་བྱས་པ་དེར་གསན་རོགས་གནང་།

XS
SM
MD
LG