ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་གར་དང་བལ་ཡུལ་གྱི་འབྲེལ་བར་སུས་ཀྱང་གཏོར་བཤིག་གཏོང་མི་ཐུབ་ཟེར།


༄༅།། དེང་སང་རྒྱ་གར་དང་བལ་ཡུལ་གཉིས་ལ་ས་མཚམས་ཀྱི་རྩོད་གཞི་ཞིག་ལངས་ཡོད་པའི་དུས་འདིར་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་རཱ་ཇ་ནཱ་ཐས་གཟའ་ཟླ་བའི་ཉིན་ཡུལ་དེའི་བྱང་ཕྱོགས་སུ་ཆགས་པའི་ཨུ་དྷར་ར་ཁན་མངའ་སྡེའི་ནང་དུ་གཞུང་འཛིན་རྒྱ་གར་དམངས་ཚོགས་པའི་ཚོགས་མི་ཚོར་གསུང་བཤད་ཅིག་གནང་སྐབས་སུ་བལ་ཡུལ་དང་རྒྱ་གར་གཉིས་ཀྱི་འབྲེལ་བར་སུས་གཅིག་གིས་ཀྱང་གཏོར་བཤིག་གཏོང་ཐུབ་ཐབས་མེད། རྒྱལ་ཁབ་གཉིས་ཀྱི་ས་མཚམས་ལ་བསམ་ཚུལ་མི་མཐུན་པའི་འགལ་ཟླ་ཡོང་གི་ཡོད་པ་དེ་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པ་ཞིག་ཡིན་ཞེས་གསུངས་ཡོད་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG