ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་པ་བཙན་བྱོལ་བའི་སློབ་གྲྭ་ཁག་བསྐྱར་དུ་སྒོ་འབྱེད།


༄༅།། སྔ་ལོ་འཛམ་གླིང་ཡོངས་སུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ཁྱབ་སྟེ་རྒྱ་གར་གྱི་ས་གནས་ཁག་གི་བོད་པ་བཙན་བྱོལ་བའི་སློབ་གྲྭ་རྣམས་ལོ་གཅིག་ཡས་མས་ཤིག་ལ་སྒོ་བརྒྱབ་སྟེ་དྲྭ་ལམ་དུ་སློབ་ཁྲིད་བྱས་ཡོད་ཅིང་། ད་ལྟ་རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་ལམ་སྟོན་འོག་སྤྱི་ཟླ་༣་པའི་ཚེས་༡་ཉིན་མ་སུ་རི་བོད་ཁྱིམ་དང་སཾ་བྷོཊ་བོད་སློབ། བོད་ཁྱིམ་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་སློབ་ཕྲུག་རྣམས་དངོས་སུ་འཛིན་གྲྭའི་ནང་དུ་འདུས་ནས་སློབ་ཁྲིད་བྱེད་འགོ་ཚུགས་ཡོད་པ་རེད།།

དེ་བཞིན་བོད་ཁྱིམ་ཉིན་མའི་སློབ་གྲྭའི་སློབ་ཕྲུག་ཚོས་ཀྱང་སྒྲིག་ཆས་གྱོན་ནས་སློབ་གྲྭར་བསྐྱོད་པའི་དུས་སུ་སྒོ་འགྲམ་དུ་ཚ་བར་བརྟག་དཔྱད་དང་ལག་པར་དུག་སེལ་སོགས་བྱས་ཡོད་པར་མ་ཟད། སློབ་ཕྲུག་ཚོས་ངེས་པར་དུ་འཛིན་གྲྭའི་ནང་དུ་ཁ་རས་གྱོན་རྒྱུ། འཛིན་རིམ་ལྔ་པའི་སློབ་ཕྲུག་བསྟན་འཛིན་དགའ་སྐྱིད་དང་བསྟན་འཛིན་སྐལ་ལྡན་གཉིས་ཀྱིས་དེ་རིང་དངོས་སུ་སློབ་གྲྭ་ཚོགས་ཐུབ་པ་བྱུང་བར་ཧང་ཅང་སྐྱིད་པོ་བྱུང་། གང་ཡིན་ཟེར་ན་ནམ་རྒྱུན་དྲྭ་ལམ་དུ་སློབ་ཁྲིད་བྱས་དུས་དགེ་རྒན་ལ་དངོས་སུ་ཐུག་རྒྱུ་མེད་པ་དང་དྲྭ་རྒྱ་ཡག་པོ་མེད་པ་སོགས་ཀྱིས་དགེ་རྒན་ལ་ཐད་ཀར་སློབ་ཚན་མ་ཤེས་པ་རྣམས་བསྐྱར་དུ་དོགས་གཅོད་ཞུ་མི་ཐུབ་པའི་དཀའ་ངལ་ཕྲད་སོང་ཞེས་ཉམས་མྱོང་རྣམས་བཤད་ཡོད་པ་སོགས་ཀྱི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG