ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དྭངས་ལྕགས་བཟོ་གྲྭའི་ལས་འཆར་གཉིས་ཕྱིར་འཐེན་བྱས་པ་དེས་རྒྱ་གར་ལ་གྱོང་གུན།


ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་གཉིས་ཀྱིས་རྒྱ་གར་ནང་དྭངས་ལྕགས་འཛུགས་བསྐྲུན་གྱི་ལས་འཆར་གཞི་རྒྱ་ཆེན་པོ་གཉིས་ཕྱིར་འཐེན་བྱ་རྒྱུའི་ཉེ་དུས་ཀྱི་ཐག་གཅོད་དེས། རྒྱ་གར་ལ་ཕྱི་རྒྱལ་གྱི་མ་རྩ་འཛུགས་འཇོག་བྱེད་མཁན་འགུགས་རྒྱུའི་ནུས་པ་མེད་པའི་བློ་འཚབ་ལ་སྣེ་ཁྲིད་བྱས་པ་དང་ཆབས་ཅིག རྒྱ་གར་ཚོང་ལས་གཉེར་ཡུལ་ཁག་པོ་ཡིན་པའི་སྐད་གྲགས་ཡོད་པ་དེ་བསྐྱར་དུ་གསལ་སྟོན་བྱས་པ་ཞིག་མཚོན་གྱི་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་སྤེལ་བའི་གནས་ཚུལ་ཞིག་བྱང་ཆུབ་སྒྲོལ་མས་ཕབ་བསྒྱུར་དང་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG