ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཏོག་དབྱིབས་ནད་དུག་ཁྱབ་གདལ་དང་ལྡི་ལིའི་མཁའ་རླུང་གཙང་མ།


༄༅།། དེང་སྐབས་འཛམ་གླིང་ཡོངས་ལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་ནད་དུག་ཁྱབ་སྟེ་འགྲོ་འོང་བཀག་སྡོམ་དང་སྤྱི་ཚོགས་རྒྱང་བཀྱེད། ད་ལྟའི་བར་དུ་མི་ས་ཡ་གཅིག་དང་ཕྱེད་ཀ་མ་ཟིན་ཙམ་ཞིག་ལ་ནད་དུག་འགོས མི་༨༢༠༠༠་ལྷག་ལ་འཆི་སྐྱོན་བྱུང་སྟེ་བཀྲ་ཤིས་པ་དང་དོན་གྲུབ་པའི་གཏམ་བཟང་ཞིག་ཧ་ལམ་ཐོས་རྒྱུ་དཀོན། ཡིན་ནའང་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པའི་དུས་འདིར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རླངས་འཁོར་དང་བཟོ་གྲྭ་སོགས་ཀྱི་དུད་སྤྲིན་མེད་པར་ྡི་ལིའི་གྲོང་མི་ཚོར་ནམ་མཁའ་སྔོ་ཐིང་ངེར་ཞིག་མིག་གིས་མཐོང་རྒྱུ་ཡོད་པ་དང་མཁའ་རླུང་གཙང་མ་ཞིག་འབྱིན་རྔུབ་བྱ་རྒྱུ་ཡོད་པའི་གོ་སྐབས་བཟང་པོ་ཞིག་ཐོབ་འདུག་ཅེས་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་བཀོད་འདུག

ནེའུ་ཡོཀ་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ནལྡི་ལི་གསར་པ་ནི་འཛམ་གླིང་གི་གྲོང་ཁྱེར་མཁའ་རླུང་འབག་བཙོག་ཆེས་ཤིན་ཏུ་ཚབས་ཆེན་ཡིན་པ་དེ་དག་གི་གྲས་སུ་ཚུདཏོག་དབྱིབས་ནད་དུག་མ་ཁྱབ་གོང་དང་རྒྱུན་ལྡན་གྱི་དུས་སུ་ལྡི་ལི་པ་མང་པོ་ཞིག་གིས་ཁ་རས་གྱོན་ནས་མཁའ་རླུང་བཙོག་པ་བྱིན་རྔུབ་བྱ་རྒྱུ་འགོག་ཐབས་དང་འཚང་ནད་ཀྱིས་མནར་བའི་དཀའ་སྡུག་མྱོང་བ། གྲོང་ཁྱེར་དེའི་མཁའ་དབྱིངས་སུ་ནམ་མཁའ་སྔོན་པོ་ཞིག་མཐོང་རྒྱུ་དཀོན། ཉེ་ཆར་སྲིད་བློན་མོ་དྷིས་རྒྱ་གར་རྒྱལ་ཡོངས་སུ་དུས་ཡུན་བདུན་ཕྲག་གསུམ་་འགྲོ་འོང་བཀག་ནས་བཟུང་། རྟག་ཏུ་དུད་སྤྲིན་འཁྲིགས་པའི་ལྡི་ལིའི་ནམ་མཁའ་དེ་སྔོན་པོར་གྱུར་ཏེ་སྤྲིན་པ་དཀར་པོ་དང་ཉི་མ་སེར་པོམཚན་ལ་སྐར་མ་ཁྲ་ལྷམ་མེར་མཐོང་རྒྱུ་ཡོད་པ་ཞིག་ཏུ་གྱུར་འདུག སྔོན་ཆད་ལྡི་ལི་གྲོང་ཁྱེར་གྱི་གཞུང་ལམ་དང་སྲང་ལམ་ཁག་ཏུ་ཉིན་ལྟར་རླངས་འཁོར་དང་རྐང་གསུམ་འགྲུལ་འཁོར། འཕྲུལ་རྟ་སོགས་ས་ཡ་མང་པོ་རྒྱུག་གི་ཡོད་པ་རྣམས་གློ་བུར་འགྲོ་འོང་བཀག བཟོ་གྲྭ་སྟོང་ཕྲག་མང་པོའི་དུད་ཁུང་ནས་ཉིན་མཚན་མེད་པར་དུ་བ་ནག་པོ་ཕྱི་ལ་གཏོང་གི་ཡོད་པ་རྣམས་མཚམས་ཆད། འཛུགས་སྐྲུན་བྱ་ཡུལ་ཁག་ཏུ་འུར་སྐད་ཆེ་བ་དང་ས་རྡུལ་འཕྱུར་གྱི་ཡོད་པ་རྣམས་ཀྱང་མཚམས་ཆད་ནས་ལྡི་ལི་གྲོང་ཁྱེར་གྱི་མཁའ་རླུང་འབག་བཙོག་གི་ཚད་གཞི་མངོན་གསལ་དོད་པོ་ཞིག་དམའ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད

རྒྱ་གར་གཞུང་གིས་འགྲོ་འོང་བཀག་སྡོམ་དམ་པོ་ཞིག་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་ལྡི་ལི་གྲོང་ཁྱེར་གྱི་སྤྱི་གླིང་ཁག་སྒོ་བརྒྱབ་སྟེ་མི་དམངས་རྣམས་ཕྱི་ལ་འབུད་དགོས་ངེས་སུ་མ་གྱུར་ན་རང་ཁྱིམ་དུ་འཛུལ་དགོས་པའི་བཀའ་བཏང་ཡོད་པས་ལྡི་ལི་གྲོང་ཁྱེར་གྱི་ཡུལ་མི་ཚོས་རང་རང་གི་སྒེའུ་ཁུང་ནང་ནས་ཕྱི་ལ་ལྟ་བ་དང་ཁང་པའི་ཁྱམས་སྟེགས་སོགས་སུ་མཁའ་རླུང་གཙང་མ་འབྱིན་རྔུབ་བྱས་ནས་འབྱུང་དཀོན་པའི་དུས་སྐབས་འདི་ལོངས་སུ་སྤྱོད་ཀྱི་ཡོད་འདུག ལོ་ན་༨༠་ཐམ་པར་སོན་པའི་སུ་དྷིར་ཀུ་མར་བྷོ་སི་ཞེས་པའི་དབྱིན་ཡིག་སློབ་དཔོན་ཟུར་པ་ཞིག་གིས་གསར་འགོད་པར་ལོ་བཅུ་ཕྲག་མང་པོར་ལྡི་ལིའི་མཁའ་རླུང་ནི་འདི་འདྲའི་གཙང་མ་ཞིག་ལ་གྱུར་མྱོང་མེད། ངས་རང་གི་ཁྱམས་སྟེགས་སུ་ཡང་ནས་ཡང་དུ་ནམ་མཁའ་སྔོན་པོ་དེར་ལྟ་བཞིན་ཡོད། མཁའ་རླུང་གཙང་མ་དང་ནམ་མཁའ་སྔོན་པོ་འདི་དུས་ཡུན་ཅི་ཙམ་ལ་རྟག་རྒྱུ་ཡིན་མིན་མི་ཤེས། ད་ལྟ་ང་ནི་ཧ་ཅང་སྐྱིད་པོ་འདུག་ཅེས་བཤདདགུན་གྱི་དུས་སུ་རྒྱལ་ས་ལྡི་ལིའི་མཁའ་དབྱིངས་ལ་བཟོ་གྲྭ་དང་རྡོ་སོལ། རླངས་འཁོར་གྱི་དུ་བ་ནག་པོ་འཁྲིགས་རྒྱུ་མང་དྲགས་ཏེ་མཁའ་རླུང་འབག་བཙོག་གི་ཚད་གཞི་མིའི་བདེ་ཐང་ལ་གནོད་ཚབས་ཆེ་བའི་མཚམས་དེར་སླེབས་ཚེ། སྐྱེ་བོ་མང་དག་ཅིག་ལ་གློ་ལུ་དང་འཚང་ནད་ཀྱིས་མནར་གྱི་ཡོད་པས་རྒྱ་གར་གཞུང་གིས་ཉིན་ཤས་རིང་སློབ་གྲྭ་ཁག་སྒོ་བརྒྱབ་ནས་སློབ་ཕྲུག་གི་བདེ་ཐང་ལ་གཟབ་ནན་བྱེད་ཀྱི་ཡོད་པར་མ་ཟད། སྔ་ལོ་རྒྱ་གར་གཞུང་གིས་དྷི་ཝ་ལི་ཞེས་པའི་ཧིན་རྡུ་ཆོས་ལུགས་ཀྱི་མར་མེའི་དུས་ཆེན་ཏེ། རྒྱ་གར་གྱི་ལོ་སར་ལྟ་བུའི་དུས་ཆེན་སྐབས་སུ་སྲིད་བློན་མོ་དྷིའི་གཞུང་གིས་ལྡི་ལིའི་མི་དམངས་ལ་མར་མེ་དུས་ཆེན་སྐབས་སུ་ཤོག་སྦག་རྒྱག་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་རེད།

October 17, 2019 and after air pollution level
October 17, 2019 and after air pollution level

ཉེ་དུས་ཤིག་ནས་མཁའ་རླུང་གཙང་མ་དང་ནམ་མཁའ་སྔོ་ཐིང་དུ་གྱུར་ཡོད་པ་ནི་རྒྱལ་ས་ལྡི་ལི་གཅིག་པུ་མིན་ཞིང་། དཔེར་ན་རྒྱ་གར་གྱི་ཅེན་ནེ་དང་ཨ་མཱེ་དྷ་བྷ་ཐེ། བྷེང་ལོར་དང་གྷ་ཟི་ཡ་བྷ་ཐེ་སོགས་རྒྱ་གར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་ལ་གློ་བུར་དུ་མཁའ་རླུང་གཙང་མ་འབྱིན་རྔུབ་བྱ་རྒྱུ་ཡོད་པའི་གོ་སྐབས་ཤིག་ཐོབ། འདི་དང་དུས་མཚུངས་སུ་ཨ་རིའི་ནེའུ་ཡོག་དང་ལོ་སི་ཨན་ཇཱི་ལི་སི་གྲོང་ཁྱེར། རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ། ཨི་ཊི་ལིའི་གྲོང་ཁྱེར་ཆེན་པོ་མཱི་ལན་བཅས་ཀྱི་མཁའ་རླུང་འབག་བཙོག་གི་ཚད་གཞི་ཡང་དམའ་རུ་སོང་། རྒྱ་གར་ལ་བསྡུར་ན་ཨ་རི་སོགས་གོང་གི་གྲོང་ཁྱེར་ཁག་གི་མཁའ་རླུང་འབག་བཙོག་གི་ཚད་གཞི་ཚབས་ཆེན་དེ་འདྲ་ཞིག་མིན་པ་སྟེ། སྔ་ལོ་འཛམ་གླིང་འདིར་མཁའ་རླུང་འབག་བཙོག་ཆེས་ཤིན་ཏུ་ཚབས་ཆེན་དུ་གྱུར་པའི་གྲོང་ཁྱེར་༢༠་ཐམ་པ་བང་རིམ་བསྒྲིགས་པའི་ཁོངས་སུ་རྒྱ་གར་གྱི་གྲོང་ཁྱེར་༡༤་ཡོད་ཅིང་། རྒྱ་གར་ལ་མཁའ་རླུང་འབག་བཙོག་ཚབས་ཆེན་དུ་གྱུར་ཡོད་པའི་གྲོང་ཁྱེར་༡༤་ཡོད་པ་དེ་དག་གི་ཁོངས་སུ་རྒྱལ་ས་ལྡི་ལི་ཚུད་འདུག བདུན་ཕྲག་སྔོན་མར་ལྡི་ལི་གྲོང་ཁྱེར་གྱི་མཁའ་རླུང་གཙང་ཚད་འཛམ་གླིང་གི་གྲོང་ཁྱེར་གཞན་ཁག་གི་ཚད་དང་མཉམ་པས་ལྡི་ལིའི་མི་མང་གིས་མཁའ་རླུང་གཙང་མ་དེར་དགའ་བ་སྒོམ་དགོས་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད་པ་རེད། དུས་རྒྱུན་ལྡི་ལི་གསར་པར་མཁའ་རླུང་འབག་བཙོག་གིས་མི་ལ་གློ་ནད་དང་ཆམ་རིམས་ཀྱིས་མནར་གྱི་ཡོད་མོད། འོན་ཀྱང་ད་ལྟའི་དུས་འདིར་ལྡི་ལིའི་གྲོང་མིའི་གྲས་ཀྱི་གློ་ནད་ཅན་ཚོར་འང་ནད་ཀྱི་མནར་གྱི་ཡོད་པའི་དཀའ་ངལ་རྣམས་རེ་ཞིག་མེད་པར་གྱུར་འདུག དཔེར་ན་ཨར་ཝྭིན་ཌི་ཀུ་མར་ཞེས་པའི་སྨན་པ་ཞིག་གིས་ང་ལ་བསྟེན་གཏུག་བྱེད་དུ་ཡོང་མཁན་ནད་པ་ཚོས་མཁའ་རླུང་གཙང་མ་འདི་འདྲ་ཞིག་ཏུ་གྱུར་པ་འདིརཡིད་མི་ཆེས་པ་ཞིག་རེད་ཟེར་གྱི་འདུག ཁོ་ཚོརབྲང་ཁོག་བསྡམས་ནས་འཚང་ནད་ཀྱི་དཀའ་ངལ་ཡོད་པ་རྣམས་ཆུང་དུ་སོང་སྟེ་འཚང་འགོག་སྨན་གཏོང་རྒྱུའང་ཇེ་ཉུང་དུ་ཕྱིན་སོང་ཟེར་གྱི་འདུག མདོར་ན་མཁའ་རླུང་གཙང་མར་གྱུར་པ་དེས་ནད་པ་ཚོ་ཇེ་བདེར་འགྲོ་ཡི་འདུག་ཅེས་གསར་འགོད་པར་བཤད།

མི་འབོར་དུང་ཕྱུག་༡༣་ལྷག་ཡོད་པའི་རྒྱ་གར་རྒྱལ་ཁབ་ལ་འགྲོ་འོང་བཀག་སྡོམ་དང་མི་དམངས་རྣམས་རང་ཁྱིམ་དུ་འཛུལ་དགོས་པ། བཟོ་གྲྭ་ཁག་སྒོ་བརྒྱབ་སྟེ་མཁའ་ལམ་འགྲིམ་འགྲུལ་དང་རླངས་འཁོར་སོགས་འགྲོ་སྐྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་མི་ཐུབ་པས་ལྡི་ལི་གསར་པར་མཁའ་རླུང་གཙང་མའི་དུས་སྐབས་ཤིག་ཤར་ཡོད་པ་གཏན་དུ་གནས་རྒྱུ་མིན་ཞིང་། རྒྱ་གར་གྱི་བཟོ་གྲྭ་ཁག་སྒོ་བརྒྱབ་པ་དང་འགྲིམ་འགྲུལ་བཀག་པ་དེས་ཉིན་ལྟར་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཨ་སྒོར་དུང་ཕྱུར་མང་པོའི་གྱོང་གུད་ཐེབས་ཀྱི་ཡོད་པ་བརྗོད་ཅི་དགོས། རྒྱ་གར་བ་ཇཱ་ཡེ་དྷར་གུབ་ཏ་ཞེས་པའི་ཁོར་ཡུག་སྲུང་སྐྱོབ་པ་ཞིག་གིས་འགྲོ་འོང་བཀག་སྡོམ་གྱི་གོ་སྐབས་བཟུང་ནས་ང་ཚོས་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་དང་མཁའ་དབུགས་འབག་བཙོག་ནིལྡོག་ཐབས་མེད་པ་ཞིག་རེད་ཅེས་འདུ་ཤེས་ཤིག་འཆང་ཡོད། ཡིན་ནའང་ད་ཐེངས་མཁའ་རླུང་འབ་བཙོག་གི་གནས་སྟངས་དེར་འགྱུར་ལྡོག་གཏོང་རྒྱུ་ཡོད་པ་ང་ཚོར་ར་འཕྲོད་པ་རེད་ཅེས་ཁོར་ཡུག་སྲུང་སྐྱོབ་དང་རྒྱ་གར་གྱི་མཁའ་རླུང་འབག་བཙོག་གི་དཀའ་ངལ་སེལ་རྒྱུ་དེརལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད། ད་ལྟ་ཧི་མ་ལ་ཡའི་གངས་རིའི་འདབས་ནས་ྒྱང་ཁད་དབྱིན་ལེ་བརྒྱ་ཕྲག་འགའ་གི་མཚམས་སུ་ཆགས་པའི་པན་ཇབ་མངའ་སྡེའི་གྲོང་རྡལ་གཉིས་ནས་ཐག་རིང་གི་ཧི་མ་ལ་ཡའི་གངས་རི་མཐོང་ཐུབ་པར་བརྟེན། གྲོང་རྡལ་དེ་དག་གི་མི་མང་གིས་ང་ཚོ་པན་ཇབ་མངའ་སྡེ་ནས་བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཌ་མིག་གིས་མཐོང་གི་འདུག་ཟེར་པའམ། མི་ཁག་ཅིག་གིས་མཁའ་རླུང་གཙང་དྲགས་ཏེ་ཡུན་རིང་མི་འགོར་པར་ང་ཚོས་དག་ཞིང་དུ་བཞུགས་པའི་དཀོན་མཆོག་ཀྱང་མཇལ་ཐུབ་རྒྱུ་རེད་ཅེས་ཀྱལ་ཀ་བཤད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལོ་ཏོག་དབྱིབས་ནད་དུག་གིས་རྒྱ་ནག་རྒྱལ་ཡོངས་སུའང་བཟོ་གྲྭ་ཁག་སྒོ་བརྒྱབ་སྟེ་འགྲིམ་འགྲུལ་མཚམས་ཆད་པས་མཁའ་རླུང་གཙང་མར་གྱུར། རྒྱ་ནག་གིས་དུས་ཡུན་ཟླ་བ་གཉིས་ལ་བཟོ་གྲྭ་ཁག་སྒོ་བརྒྱབ་ནས་འགྲིམ་འགྲུལ་བཀག་པ་དེས་འགྲོ་བ་མིའི་བདེ་ཐང་ལ་གནོ་ཚབས་ཆེ་བའི་ནག་རྫས་དུད་རླངས་ཉུང་དུ་གཏོང་བ་དང་བར་སྣང་ཁམས་སུ་དུ་བ་ནག་པོ་སྤུང་གསོག་བྱ་རྒྱུ་ཉུང་དུ་གཏོང་བར་ཕན་ཐོགས་བྱུང་འདུག་ཅེས་ཁོར་ཡུག་སྲུང་སྐྱོབ་པ་ཚོས་གླེང་། འཛམ་གླིང་འདིར་བཟོ་གྲྭ་དང་རླངས་འཁོར། རྡོ་སོལ་གྱི་གློག་ཁང་སོགས་ཀྱི་དུ་བ་ནག་པོ་བར་སྣང་ཁམས་ལ་གཏོང་མཁན་སྡུག་ཤོས་གཉིས་ནི་རྒྱ་དཀར་ནག་གཉིས་ཡིན་ཞིང་། ཨ་རིའི་མཁའ་དབྱིངས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཧྥེ་ལིའུ་ཞེས་པ་ཞིག་གིས་ད་ལོ་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་ནག་རྫས་དུད་རླངས་ཉུང་དུ་བཏང་བ་ནི་ང་ཚོས་མཐོང་ཐོས་བྱུང་བ་ཐེངས་དང་པོ་རེད་ཅེས་བཤད། ཡིན་ནའང་ཉེ་དུས་ཤིག་ནས་རྒྱ་ནག་གི་བཟོ་གྲྭ་ཁག་བསྐྱར་དུ་སྒོ་ཕྱེས་པ་དང་རྒྱ་གར་གྱིས་ཀྱང་ཡུན་རིང་མི་འགོར་པར་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱེད་ཀྱི་ཡོད་པས་བར་སྣང་ཁམས་སུ་སླར་ཡང་བཟོ་གྲྭ་སོགས་ཀྱི་དུ་བ་ནག་པོ་ཁྱབ་རྒྱུ། ལྡི་ལི་གསར་པའི་གྲོང་མི་ཚོས་ཀྱང་སྔར་བཞིན་ནག་རྫས་དུད་སྤྲིན་འཁྲིགས་པའི་ཁོར་ཡུག་དེར་དྲི་ངན་ཐུལ་བའི་མཁའ་རླུང་ཞིག་འབྱིན་རྔུབ་བྱ་དགོས་ཐུག་གི་ཡོད་པ་རེད།།

XS
SM
MD
LG