ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་ཞིག་གིས་གྲོང་གསེབ་པ་ཚོར་རོགས་སྐྱོར།


༄༅།། ཉེ་དུས་རྒྱ་གར་གཞུང་གིས་ཡུལ་དེར་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱ་ཐབས་སུ་རྒྱ་གར་རྒྱལ་ཡོངས་ལ་འགྲོ་འོང་བཀག་སྡོམ་གྱི་བཀོད་ཁྱབ་བཏང་བར་བརྟེན། རྒྱ་གར་གྱི་བྷམ་བྷེའི་གྲོང་ཁྱེར་ལ་ངལ་རྩོལ་རྒྱུག་ཏུ་སྐྱོད་མཁན་ལས་མི་སྟོང་ཕྲག་འགའ་མང་པོ་ཡོད་པ་རྣམས་རང་རང་གི་གྲོང་གསེབ་ཁག་ལ་ཕྱིར་ལོག་བྱེད་མ་ཐུབ་པར་དཀའ་ངལ་ནང་དུ་ཚུད་ཡོད་ཅིང་། རྒྱ་གར་གྱི་བྷོ་ལི་ཝུ་ཌིའི་གློག་བརྙན་འཁྲབ་སྟོན་པ་སོ་ནུ་སུ་དྷུས་གྲོང་གསེབ་པ་ཚོར་རོགས་ཕན་གང་ལེགས་བསྒྲུབས་པར་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG