ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རང་བཙན་རྩོད་ལེན་བྱས་ན་རྒྱ་ནག་གི་ལྟ་བ་མཁྲེགས་འཛིན་ཅན་ཚོར་ཕན་ཐོགས་ཡོད་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚེས་གཅིག་གི་ཉིན་ རྒྱ་གར་གྱི་མངའ་སྡེ་ཨུ་ཏར་པར་དྷེཤ་ཡི་གྲོང་ཁྱེར་ཞིག་ཏུ་རྒྱ་གར་གྱི་ཆེས་མཐོའི་འཛིན་སྐྱོང་སློབ་གཉེར་ཁང་གི་ལས་བྱེད་དང་སློབ་ཕྲུག་སྟོང་ཚོ་བརྒལ་བར་བོད་དོན་སྐོར་གསུང་བཤད་བསྩལ་བའི་ནང་། བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྤེལ་བ་ཡིན་ན། དེས་རྒྱ་ནག་གི་འགོ་ཁྲིད་ལྟ་བ་མཁྲེགས་འཛིན་ཅན་ཚོར་བོད་མིར་བཙན་གནོན་དང་དྲག་རྩུབ་བྱེད་ཤུགས་དེ་བས་ཆེ་རུ་གཏང་རྒྱུའི་ལག་ཆ་ཅིག་ཏུ་འགྱུར་གྱི་ཡོད་ལུགས་བཀའ་གནང་ཡོད་པའི་སྐོར་། འདི་གའི་གསར་འགྱུར་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་གནས་ཚུལ་བཏང་བཞིག་གསན་རོགས་གནང་།།
XS
SM
MD
LG