ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱི་སྲིད་བློན་རྒྱ་ནག་ལ་ཕེབས་ཀྱི་ཡོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་ཟླ་བ་རྗེས་མ་རྒྱ་ནག་ལ་ཕེབས་ཀྱི་ཡོད་པ་དང་། དེའི་སྐབས་ས་མཚམས་རྒྱ་རྒྱུད་དུ་ཞི་བདེ་བརྟན་ལྷིང་ཡོང་ཐབས་དང་འབྲེལ་བའི་མཐུན་གྲོས་ཤིག་གི་ཐོག་མཚན་རྟགས་འགོད་འཆར་ཡོད་པ་དང་། སྲིད་བློན་རྒྱ་ནག་ལ་ཆེད་ཕེབས་གནང་བ་དེ་ནི་རྒྱ་ནག་གི་དམག་མིས་འདི་ལོའི་འགོ་སྟོད་དུ་ལྡེབ་སང་ལུང་གཤོང་ལྟ་བུའི་ལ་དྭགས་ཀྱི་ས་མཚམས་ཁག་ཅིག་གི་ནང་བཙན་འཛུལ་ལན་མང་བྱས་ཡོད་པའི་རྗེས་སུ་གནང་གི་ཡོད་པ་སོགས་ཀྱི་སྐོར་ལ་ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG