རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཡོད་པའི་ཟ་ཁང་ཞིག་གིས་རྒྱ་ནག་དང་མཚོ་གླིང་གི་བདག་དབང་ཐད་རྩོད་གླེང་ཡོད་པའི་རྒྱལ་ཁབ་ཉི་ཧོང་དང་ ཝེཏ་ནམ་ ཕི་ལི་པིན་བཅས་ཀྱི་ཡུལ་མི་དང་ ཁྱི་ཡིན་ན་ཟ་ཁང་དེའི་ནང་ཡོང་ཆོག་གི་མེད་ཟེར་བའི་ཡིག་བྱང་ཞིག་བཀལ་ཡོད་པ་དེ་ལ་ ཡུལ་གྲུ་དེ་དག་གི་མི་ཚོས་དྲྭ་ལམ་ཐོག་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།