ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་དུ་ལོ་༡༢་ནས་༡༥་བར་གྱི་ལོ་ཆུང་ཚོར་འགོག་ཁབ་རྒྱག་འཆར།


༄༅།། ཕྱི་ཟླ་༢་པའི་ཚེས་༡༠་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་གིས་མགྱོགས་མྱུར་ལོ་༡༢་ནས་༡༥་བར་དུ་སོན་པའི་ལོ་ཆུང་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུའི་གོ་སྐབས་འཐོབ་ཀྱི་རེད། འདས་པའི་བདུན་ཕྲག་གཅིག་ནང་དུ་རྒྱ་གར་དང་བལ་ཡུལ་གྱི་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་མི་༢༣༣་ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས་འདུག ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ་གཉིས་སུ་ལོ་༡༨་ཡན་ཆད་ཀྱི་བོད་པ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཆ་ཚང་རྒྱབ་ཟིན་པ་རྒྱ་གར་དུ་མི་༤༩༨༡༦་བྱུང་ཡོད་པ་དང་བལ་ཡུལ་མི་༦༩༩༠་བྱུང་འདུག་ཅེས་གསལ་བསྒྲགས་སྤེལ།།

སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་ད་ལྟའི་ཆར་འཛམ་གླིང་སྤྱི་ཡོངས་སུ་ཏོག་དབྱིབས་ནད་དུག་གི་ཛ་དྲག་འཇམ་དུ་འགྲོ་བཞིན་ཡོད་པར་མ་ཟད། རྒྱ་གར་དུའང་ཏོག་དབྱིབས་ནད་དུག་འགོ་མཁན་གྱི་མི་གྲངས་ཇེ་ཉུང་དུ་འགྲོ་བཞིན་འདུག ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དང་པོ་བརྒྱབ་ནས་ཉི་མ་༢༨་ཀྱི་གཞུག་ཏུ་སྨན་ཁབ་གཉིས་པ་རྒྱག་ཆོག་གི་རེད་ཅེས་གསལ་བཀྲོལ་བྱས་ཤིང་། ད་ལྟའི་བར་དུ་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱུང་བར་གཞིགས་ན། བོད་པའི་སྤྱི་ཚོགས་སུ་མི་༨༩༨༧་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༡༦༦་ལ་འཆི་སྐྱོན། མི་༨༥༩༩་དྲག་སྐྱེད་དང་ད་དུང་སྨན་བཅོས་བྱེད་བཞིན་པ་༢༢༢་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG