ཉེ་ཆར་རྒྱ་ནག་གི་དྲྭ་གྲུག་རྩེད་མཁན་བུད་མེད་ལུས་རྩལ་པ་མིང་གྲགས་ཅན་ཕིན་ཧྲོད་ཡིས། རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་པ་ཀྲང་གོ་ལིས་ཡིས་མོ་ལ་བཙན་ཤུགས་བཀོལ་ནས་ཆགས་སྤྱོད་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་པ་དང་བསྟུན་ནས་མོ་རང་གར་སོང་ཆ་མེད་དུ་གྱུར་བ་དང་། དེ་ལ་བརྟེན་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་ཏུ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འཚོགས་གྲབས་ཡོད་པའི་སྐབས་འདིར། ཨོ་རྩལ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ཕན་ཧྲོད་ཡི་མི་ལུས་བདེ་འཇགས་སོགས་ལ་འགན་སྲུང་བྱ་རྒྱུའི་རེ་འདུན་བཏོན་ཡོད་ནའང་། དེའི་ཐད་ཁོ་ཚོས་ཕན་འབྲས་ལྡན་པའི་ཐབས་ལམ་ཞིག་མ་བཏོན་པས། ད་ལྟ་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱ་ནག་ལ་བསྟུན་ཐབས་བྱེད་ཀྱི་འདུག་ཅེས་མི་མང་པོས་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་གནས་ཚུལ་འཕྲིན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུས་ཡོད་པར་གསན་རོགས།
ལེ་ཚན།
-
ཟླ་བ་གཉིས་པ། ༠༨།༢༠༢༣
ཐེ་ཝན་ནང་གི་ཨ་རིའི་ཚོང་དོན་ལས་ཁང་ཚོས་ལྟེས་དབང་གི་འཆར་གཞི་གྲ་སྒྲིག
-
ཟླ་བ་གཉིས་པ། ༠༨།༢༠༢༣
ཨ་མི་རི་ཀས་རྒྱ་ནག་གི་སྒང་ཕུག་གཏོར་བའི་ཆ་ཤས་ཁག་བསྡུ་རུབ་ཐུབ་ཐབས་བྱེད་བཞིན་པ།
-
ཟླ་བ་གཉིས་པ། ༠༥།༢༠༢༣
རྒྱ་ནག་གིས་ཨུ་རུ་སུར་རོགས་རམ་བྱེད་བཞིན་པ།