ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༡/༡༦

རྒྱ་གར་གྱི་ཀེ་ར་ལ་མངའ་སྡེར་ཏོག་དབྱིབས་ནད་པ་ཉུང་དུ་འགྲོ་དོན།


༄༅།། རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཐོག་མར་ཁྱབ་ཡུལ་ནི་ལྷོ་ཕྱོགས་མངའ་སྡེ་ཀེ་ར་ལ་ཡིན་ཞིང་། ཀེ་ར་ལའི་འཕྲོད་བསྟེན་སྨན་ཞབས་པ་ཞིག་གིས་ཆུ་ཚོད་འགའ་ཤས་ཀྱི་རིང་ལ་ས་གནས་དེའི་ཏོག་དབྱིབས་ནད་དུག་འགོས་ཏེ་ཟུར་འགོག་བྱེད་ཡོད་པའི་ནད་པ་ཚོར་གཟུགས་པོ་བདེ་ཐང་ཡིན་མིན་དང་སེམས་ཁམས་ཀྱི་གནས་སྟངས། དེ་བཞིན་བཟའ་བཅའ་སོགས་འདང་ངེས་བཞིན་པ་ཡོད་མེད་སོགས་ལ་འདྲི་རྩད་བྱས་ནས་ལྟ་རྟོག་བྱེད་ཀྱི་ཡོད་པར་བརྟེན། སྔོན་ཆད་ནད་དུག་འགོས་པའི་ནད་པ་༢༠༠་ཙམ་ཞིག་ཡོད་ཀྱང་ད་ཆ་ཟུར་འགོག་བྱེད་ཡོད་པའི་ནད་པ་༥༠་ལྷག་མ་གཏོགས་མེད་ཅེས་འགྲེལ་བརྗོད་བྱས་ཡོད་པའི་སྐོར། ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་སོགས་ལ་ཐོན་པའི་གནས་ཚུལ་དེ་ཀུན་བཟང་སྒྲོལ་མས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG