ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

སྐྱེ་རྒུ་མདོའི་ས་ཡོམ་སྐོར་གྱི་གློག་བརྙན་ཉམ་ཉེས་ནང་གི་རེ་བ།


སྐྱེ་རྒུ་མདོའི་ས་ཡོམ་སྐོར་གྱི་གློག་བརྙན་ཉམ་ཉེས་ནང་གི་རེ་བ།
སྐྱེ་རྒུ་མདོའི་ས་ཡོམ་སྐོར་གྱི་གློག་བརྙན་ཉམ་ཉེས་ནང་གི་རེ་བ།

བརྙན་འཕྲིན་གཟིགས་ན། (Windows Media)

ཐེངས་འདིའི་ལས་རིམ་ནང་ཁམས་སྐྱེ་རྒུ་མདོ་ས་ཁུལ་དུ་ས་ཡོམ་ཆེན་པོ་ཞིག་བྱུང་ནས་ལོ་གཅིག་འཁོར་ལ་ཉེ་བའི་སྐབས་འདིར་བོད་ནང་དུ་ཉམ་ཉེས་ནང་གི་རེ་བ་ཟེར་བའི་གློག་བརྙན་གསར་པ་ཞིག་འགྲེམ་སྤེལ་བྱས་ནས་ཆོལ་ཁ་གསུམ་གྱི་བོད་མི་རྣམས་ཀྱིས་རྡོག་རྩ་གཅིག་སྒྲིལ་སྒོས་རོགས་སྐྱོར་གྱི་ལས་འགུལ་སྤེལ་ནས་ད་ལྟ་བསྐྱར་དུ་འཛུགས་སྐྲུན་བྱེད་པའི་ཐད་དོ་སྣང་བྱེད་བཞིན་པའི་སྐོར་བགྲོ་གླེང་བྱེད་རྒྱུ་ཡིན། བགྲོ་གླེང་ལས་རིམ་ནང་དུ་ཕ་ཡུལ་ཁམས་རྫ་ཆུ་ཁ་ནས་ཡིན་ཞིང་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཏུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱ་ནག་ཉམས་ཞིབ་པ་རིན་ཆེན་བཀྲ་ཤིས་ལགས་གདན་འདྲེན་ཞུས་ཡོད།


ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།

XS
SM
MD
LG