ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གིས་ཕྱི་ཚེས་༢༢་ནས་དབྱིན་ཇིའི་གནམ་གྲུ་ཁག་འགོག་རྒྱུ།


༄༅།། དེ་རིང་ཕྱི་ཚེས་༢༡་ཉིན་ཧོང་ཀོང་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། མངའ་ཁུལ་དེའི་བཅའ་ཁྲིམས་༥༩༩་པའི་དོན་ཚན་ལ་འགྱུར་བ་བཏང་ནས་ཕྱི་ཚེས་༢༢་ཏེ། སང་ཉིན་རེས་གཟའ་མིག་དམར་ཉིན་གྱི་མཚན་མོ་ནས་དབྱིན་ཇིའི་འགྲུལ་སྐྱེལ་གནམ་གྲུ་ཁག་ཧོང་ཀོང་ལ་ཡོང་རྒྱུ་བཀག་འགོག་བྱ་འཆར་ཡོད། དབྱིན་ཡུལ་ནས་ཧོང་ཀོང་ལ་འབྱོར་བའི་འགྲུལ་པ་རྣམས་ཉིན་༡༤་ལ་ཟུར་འགོག་བྱེད་ཀྱི་ཡོད་པར་ཉིན་༧་ཁ་སྣོན་བྱས་ནས་ཁྱོན་བསྡོམས་ཉི་མ་༢༡་ལ་ཟུར་འགོག་བྱ་རྒྱུ་ཡིན། ད་ལྟའི་བཀག་སྡོམ་འདི་ཕྱི་ཟླ་དང་པོའི་ཚེས་༦་བར་དུ་ལག་བསྟར་འཆར་ཡོད་ཅེས་བཀོད་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG