ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ངོ་རྒོལ་བྱེད་མཁན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་འགའ་ཞིག་དོ་དམ་བྱས་ཡོད་པ།


སློབ་ཕྲུག་གིས་སྣེ་ཁྲིད་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་ཚོགས་པ་ཞིག་གི་ཚོགས་མི་ལྔས་ ས་གནས་དེར་ལྟ་སྐོར་ལ་སླེབས་པའི་རྒྱ་ནག་གཞུང་གི་མཐོ་རིམ་ལས་སྣེ་ཞིག་གི་རླངས་འཁོར་བཀག་རྩིས་བྱས་པར་བརྟེན་ གཞུང་གི་ཉེན་རྟོག་པས་དོ་དམ་བྱས་ཡོད་ཅིང་ དེ་ཡང་ སྐུ་ཞབས་ཇཱ་ཤུ་ཝ་ ཝང་གིས་འགོ་ཁྲིད་པའི་ཧོང་ཀོང་གི་སྲིད་དོན་ཚོགས་པ་དྲེ་མཱོ་སྶི་ཏཱོ་ཡི་ཚོགས་མི་དེ་རྣམས་ཀྱིས་ རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཀྲང་དྷེ་ཇཱང་ ས་གནས་དེར་ཉིན་གསུམ་གྱི་རིང་ལྟ་སྐོར་བྱས་ཚར་ཏེ་ རེས་གཟའ་ཕུར་བུའི་ཉིན་ རྒྱ་ནག་སྐམ་སར་ཕྱིར་ལོག་བྱེད་པའི་སྐབས་ ཁོང་གི་རླངས་འཁོར་ཡོང་སའི་གཞུང་ལམ་གྱི་ཐོག་རྒྱུགས་ཏེ་ ཧོང་ཀོང་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པའི་ཕྲེད་དར་འཕྱར་ཏེ་ངོ་རྒོལ་བྱས་པར་བརྟེན་ ཉེན་རྟོག་པས་དོ་དམ་བྱས་ཡོད་པ་རེད།

XS
SM
MD
LG