ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

ཧོང་ཀོང་གི་གསར་འགྱུར་ལ་ཞིབ་བཤེར།


༄༅།། འདས་པའི་ལོ་བརྒྱ་ལྷག་ལ་དབྱིན་ཇིའི་དབང་སྒྱུར་འོག་ཏུ་ཧོང་ཀོང་ལ་ནུབ་ཕྱོགས་པའི་དམངས་གཙོའི་ལམ་ལུགས་དར་ཞིང་། ལམ་ལུགས་དེའི་འོག་ཏུ་ཧོང་ཀོང་མི་དམངས་ལ་རང་དབང་གི་ཐོབ་ཐང་ཁག་ཅིག་ལོངས་སུ་སྤྱོད་པའི་གོ་སྐབས་ཐོབ་ཀྱང་༡༩༩༧་ལོར་དབྱིན་ཇིའི་གཞུང་གིས་ཧོང་ཀོང་གི་བདག་དབང་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་དང་། རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རིམ་བཞིན་ཚོད་འཛིན་བྱེད་རྒྱུ་འགོ་ཚུགས་ཏེ། ད་ལྟ་ཧོང་ཀོང་གི་གསར་འགོད་རང་དབང་ལ་དམ་དྲག་བྱེད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ལྷག་པར་དུ་ལོ་ངོ་གཅིག་གི་གོང་དེར་རྒྱ་ནག་གཞུང་གིས་ལེང་ཀྲེན་དབྱིང་ཧོང་ཀོང་སྲིད་སྐྱོང་ལ་བསྐོ་བཞག་བྱས་ནས་བཟུང་། དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེའི་གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར་དང་། རྒྱ་ནག་གཞུང་དང་གུང་ཁྲན་ཏང་གི་འགོ་ཁྲིད་ཚོར་ཕོག་ཐུག་འགྲོ་བའི་རྩོམ་ཡིག་དེ་དག་ཚགས་པར་ནང་ནས་ཕྱིར་འཐེན་བྱ་རྒྱུ་མང་དུ་སོང་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG