ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ཚེས་༡༥་ཉིན་ཧོང་ཀོང་གི་སྲིད་སྐྱོང་ལེང་ཁྲུང་དབྱིང་གིས་ལོ་རེའི་སྲིད་ཇུས་སྙན་སྒྲོན་གྱི་གཏམ་བཤད་བྱས་ཏེ། ཁོང་གིས་མངའ་ཁུལ་དེའི་བྱིས་པ་ཚོར་བུ་བཅོལ་ཁང་ནས་མཐོ་རིམ་སློབ་གྲྭ་བར་གྱི་སློབ་གསོ་དང་སློབ་ཡོན་གྱི་རོགས་རམ་མང་དུ་གཏོང་རྒྱུ། ད་དུང་མི་མང་བགྲེས་སོང་ཚོར་རྒས་ཕོགས་དང་རྒན་གསོ་ཁང་ཁག་ལ་གཞུང་གི་རོགས་དངུལ་མང་དུ་གཏོང་རྒྱུ་དང་། མི་མང་ཁང་པ་མེད་པ་དེ་དག་ལའང་ཧོང་ཀོང་གཞུང་གིས་ཁང་གླའི་རོགས་དངུལ་སྤྲོད་རྒྱུ་ཡིན་ཞེས་ནན་བརྗོད་བས་ཀྱང་། ཁོང་གིས་ཕྱི་ལོ་༢༠༡༧་ནས་ཧོང་ཀོང་གི་སྲིད་སྐྱོང་དང་གྲོས་ཚོགས་འཐུས་མི་རྣམས་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དགོས་པ་དེར་གླེང་སློང་གང་ཡང་བྱས་མེད་པ་དང་། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༧་ནས་མངའ་ཁུལ་དེའི་སྲིད་སྐྱོང་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་རྒྱུའི་བརྡ་ཞིག་བཏང་ཡོད་པ་རེད།།
XS
SM
MD
LG