ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་ལ་དྲུག་བཞིའི་དུས་དྲན་ལས་འགུལ་སླར་ཡང་བཀག་སྡོམ།


ད་ལོའི་སྤྱི་ཟླ་༦་པའི་ཚེས་༤་ཉིན་ནི་རྒྱ་ནག་དམར་ཤོག་གཞུང་གིས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོའི་དགོས་འདུན་འདོན་མཁན་གྱི་སློབ་ཕྲུག་ཚོས་སྤེལ་བའི་ངོ་རྒོལ་ལས་འགུལ་ལ་དམག་གིས་དྲག་གནོན་གྱིས་སློབ་ཕྲུག་མང་པོ་སྡེབ་གསོད་བྱས་པའི་དྲུག་བཞི་དོན་རྐྱེན་བྱུང་སྟེ་ལོ་༣༢་འཁོར་བའི་དུས་དྲན་ཡིན་ཞིང་། ན་ནིང་ལོར་ཧོང་ཀོང་ས་གནས་གཞུང་གིས་ནད་དུག་འགོག་སྲུང་བྱ་རྒྱུར་ཁ་གཡར་ནས་དུས་དྲན་སྐབས་སུ་མི་ཚོགས་འདུ་འཛོམ་བྱེད་མི་ཆོག་པའི་བཀའ་ཁྱབ་བཏང་ཡོད་ཅིང་། དེ་བཞིན་ཕྱི་ཟླ་༥་པའི་ཚེས་༢༧་ཏེ། རེས་གཟའ་ཕུར་བུའི་ཉིན་ཧོང་ཀོང་ས་གནས་གཞུང་གིས་སླར་ཡང་ཏོག་དབྱིབས་ནད་དུག་འགོག་སྲུང་ལ་ཁ་གཡར་ནས་ལོ་ལྟར་ཧོང་ཀོང་གི་ཝྭིཀ་ཊོ་རི་ཡ་སྤྱི་གླིང་དུ་མར་མེ་མཚན་ཚོགས་ཀྱི་རྗེས་དྲན་ལས་འགུལ་སྤེལ་སྲོལ་ཡོད་པ་བཀག་སྡོམ་བྱས་འདུག་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG