ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྡ་སའི་སྡོད་ཁང་༢༡༠ ཡི་གྱོད་དོན་ཞུ་བཏུགས།


བཞུགས་སྒར་རྡ་རམ་ས་ལའི་བོད་མིའི་སྡོད་ཁང་༢༡༠ནི་ཁྲིམས་འགལ་གྱི་ཐོག་ནས་ཤིང་ནགས་ནང་དུ་འཛུགས་བསྐྲུན་བྱས་ཏེ་ས་ཆ་ཧམ་བཟུང་བྱེད་ཚུལ་ཧི་མ་ཅལ་མངའ་སྡེའི་ཁྲིམས་ཁང་དུ་ གྱོད་དོན་གཞི་སླེབས་ཡོད་པ་དེའི་ཐད། ཁྲིམས་བཤེར་ཐག་གཅོད་དེ་སྤྱི་ཟླ་གསུམ་པའི་ནང་བར་འཕར་འགྱངས་བྱས་ཡོད་འདུགཔ་དེའི་བར་ན་ བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་གཙོས་པའི་འབྲེལ་ཡོད་མི་སྣ་ཚོ་རྒྱ་གར་རྒྱལ་ས་ལྡི་ལི་རུ་ཕེབས་ཏེ་བོད་མིའི་སྡོད་ཁང་༢༡༠དེ་གཏོར་མི་དགོས་པའི་ཆེད་ཞུ་བཏུགས་བྱས་ཡོད་འདུག གྱོད་དོན་འདི་ཇི་ལྟར་བྱུང་མིན་དང་། ཞུ་བཏུགས་ཀྱི་གྲུབ་འབྲས་ཐད་ལ། ནང་སྲིད་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས་ལ་ཚེ་རིང་སྐྱིད་ཀྱིས་བཀའ་འདྲི་ཞུས་ཡོད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG