ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་དང་ཨ་རིའི་བོད་དོན་འབྲེལ་མཐུད་པའི་མཇལ་འཕྲད།


༄༅།། དེ་རིང་ཕྱི་ཟླ་༥་ཚེས་༡༩་སྟེ། རེས་གཟའ་ཕུར་བུའི་ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཙོས་སྐུ་ཚབ་ཚོགས་ཆུང་ཞིག་ཉིན་གཉིས་ལ་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྣེ་ཁྲིད་འོག་ཨ་རིའི་སྐུ་ཚབ་ཚོགས་པ་རྒྱལ་བའི་ཕོ་བྲང་དུ་བཅར་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་མོལ་བྱུང་ཞིང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་ར་ཛི་ཡས་ཨ་རིའི་གཞུང་དམངས་གཉིས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་འཚམས་འདྲི་ཞུས། ༧གོང་ས་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ལ་ཐུགས་དགྱེས་ཚོར་ཆེན་པོས་གསུང་གླེང་གནང་བར་མ་ཟད། མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞི་ངོ་སྤྲོད་དང་དེ་བཞིན་ཨ་རིའི་གཞུང་གི་ལམ་ལུགས་ལ་བསྔགས་བརྗོད། རྒྱ་ནག་གཞུང་གིས་བོད་ལ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་ལམ་ལྷོངས་མ་བྱུང་བ་སོགས་བཀའ་མོལ་ལྷུག་པོ་གནང་འདུག
མཇལ་ཁའི་རྗེས་སུ་ཨ་རིའི་སློབ་ཡོན་རོགས་རམ་ཐོབ་པའི་བོད་པ་གཞོན་སྐྱེས་ཚོར་ཐུག་འཕྲད་དང་ཕྱི་དྲོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། རྒྱུད་སྟོད་གྲྭ་ཚང་བཅས་སུ་འཚམས་གཟིགས་སུ་ཕེབས་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་བཞུགས་སྒར་ཁུལ་གྱི་ཉིན་གཉིས་རིང་གི་མཛད་རིམ་ཁག་ལེགས་གྲུབ་བྱུང་ཞིང་། སང་ཞོགས་ཆུ་ཚོད་བརྒྱད་པའི་ཐོག་ཏུ་ཀངྒ་རའི་ག་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་དེ་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་གི་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG