སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་རྣམ་རྒྱལ་མཐོ་སློབ་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་རྣམས་ལ་མཇལ་ཁ་སྩལ་གནང་བ།
༧གོང་ས་མཆོག་ལ་བལ་ཡུལ་དུ་རྟེན་གཞི་བྱས་པའི་རྣམ་རྒྱལ་མཐོ་སློབ་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་དགེ་སློབ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་ ༡༠ ཚེས་ ༧ ཉིན་བཞུགས་སྒར་ཁུལ་དུ་བོད་མིའི་སྒྲིག་འཛུགས་ནང་རྒྱུས་ལོན་ཆེད་ཤེས་རིག་སྐོར་བསྐྱོད་བྱེད་བཞིན་པའི་བལ་ཡུལ་རྣམ་རྒྱལ་མཐོ་སློབ་སློབ་ཕྲུག་རྣམས་ལ་མཇལ་ཁ་སྩལ།