ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་གིས་ར་ཤི་ཡའི་ནང་ཆིབས་སྒྱུར་བསྐྱངས་རྒྱུའི་ཐུགས་འདོད་ཡོད་ཅེས་བཀའ་བསྩལ།


བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ར་ཤི་ཡའི་སྤྱི་མཐུན་རྒྱལ་ཕྲན་ཁག་ནང་གི་ནང་པ་ཚོ་དང་དེ་བཞིན་བོད་ཀྱི་ནང་པའི་ཆོས་དང་རིག་གཞུང་ལ་དོ་སྣང་ཆེ་རུ་འགྲོ་བཞིན་པའི་ར་ཤི་ཡའི་མི་རིགས་དཀར་པོ་ཚོ་བཅས་ཀྱི་བསམ་དོན་གྲུབ་ཆེད་དུ་ར་ཤི་ཡའི་ནང་དུ་ཆིབས་སྒྱུར་བསྐྱངས་རྒྱུའི་ཐུགས་འདོད་ཆེན་པོ་ཡོད་ཅེས་གཟའ་ཟླ་བའི་ཉིན་མོ་བཞུགས་སྒར་དུ་འཚོགས་པའི་གསར་འགོད་ལྷན་ཚོགས་ཞིག་གི་ཐོག་ལ་བཀའ་བསྩལ་ཡོད་པ་དང་གསར་འགོད་ལྷན་ཚོགས་དེའི་ཐོག་ར་ཤི་ཡའི་གསར་འགོད་པ་༢༧ཙམ་ཕེབས་ཡོད་པ་སོགས་ཀྱི་སྐོར་པ་སངས་དབྱངས་སྐྱིད་ལགས་ནས་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG