ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཧེ་རི་ཝུ་འདས་གྲོངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་མཁན། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྒྱ་ནག་གི་ཆབ་སྲིད་བཙོན་པ་ཟུར་པ་ཧེ་རི་ཝུའམ། རྒྱ་སྐད་ལ་ཝུ་ཧུང་ཏ་ཞེས་པ་དེ་གུང་སེང་ལ་ཕེབས་པའི་སྐབས་སུ་ལོ་༧༩་ཐོག་ཏུ་འདས་གྲོངས་སུ་གྱུར་འདུག ཧེ་རི་ཝུ་དེ་སྔ་ལོ་མང་རིང་རྒྱ་ནག་གི་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་ཁག་ཏུ་བཅུག་པའི་རྒྱ་ནག་གི་ཤེས་ཡོན་ཅན་ཞིག་ཡིན་པ་མ་ཟད། ཁོང་བཙོན་གྲོལ་ཐོབ་པའི་རྗེས་སུ་ཨ་མི་རི་ཀར་ཕེབས་ནས་འགྲོ་བ་མིའི་ཐོབ་ཐང་སོགས་ལ་འབྲེལ་བ་ཡོད་པའི་ལས་དོན་བསྒྲུབས་ཡོད་པ་དང་། ཁོང་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱ་ནག་གི་ལའོ་གེ་ཐེབས་རྩ་ཚོགས་པ་བཙུགས་ནས་རྒྱ་ནག་གི་བཙོན་ཁང་ཁག་གི་གནས་སྟངས་འགྲེམ་སྟོན་བྱེད་ཡོད་པ་རེད།།

XS
SM
MD
LG