ངོ་འཕྲད་བདེ་བའི་དྲ་འབྲེལ།

བུ་མོ་ཐུན་བྷག་གིས་འཛམ་གླིང་གི་འགོ་ཁྲིད་ཚོར་འབོད་སྐུལ།


༄༅། དེང་སྐབས་སི་ཀོ་ཊི་ལན་ཌིའི་གྷ་ལ་སི་གྷོ་གྲོང་ཁྱེར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ཚོགས་ཆེན་ཐེངས་༢༦་པ་འཚོགས་བཞིན་ཡོད་ཅིང་། སྐྱེ་ཁམས་སྲུང་སྐྱོབ་པ་བུ་མོ་ཐུན་བྷག་དང་རྒྱབ་སྐྱོར་བ་ཚོས་ཚོགས་ཁང་གི་ཕྱི་ལོགས་སུ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་པའི་འགོ་ཁྲིད་ཚོས་ཁ་ཞེ་གཉིས་མེད་ཀྱི་ལས་དོན་ཞིག་བསྒྲུབ་དགོས་ཞེས་འབོད་སྐུལ་ཞུས་པར་མ་ཟད། རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་སའི་ག་ལར་སྲུང་སྐྱོབ་བྱེད་ཀྱི་མི་འདུག་ཅེས་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG