ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སའི་གོ་ལའི་གནམ་གཤིས་ཚོགས་ཆེན་འགོ་འཛུགས།


༄༅།། དེ་རིང་གཟའ་ཟླ་བ་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ཚོགས་ཆེན་ཐེངས་༢༦་པ་དེ་དབྱིན་ཇིའི་མངའ་འོག་ཏུ་བསྡུས་པའི་སི་ཀོ་ཊི་ལན་ཌིའི་གྲོང་ཁྱེར་གྷི་ལ་སི་གྷོར་འགོ་ཚུགས་ཡོད་ཅིང་། འཛམ་གླིང་གི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་པ་སོགས་དོན་གཉེར་ཅན་ཚོས་སྟོབས་ཆེན་རྒྱལ་ཁབ་ཁག་ཁ་བཙུམས་ནས་སྡོད་པའམ། ཡང་ན་སྐད་ཆ་འདྲ་ཆགས་པོ་བཤད་པ་གཅིག་པུ་མ་ཡིན་པར་དོན་དངོས་ཀྱི་ལས་དོན་ཞིག་བསྒྲུབ་དགོས་ཀྱི་འདུག་ཅེས་དགོས་འདུན་བཏོན་ནས་ངོ་རྒོལ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཞིབ་ཕྲའི་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG