ངོ་འཕྲད་བདེ་བའི་དྲ་འབྲེལ།

དགེ་བཤེས་བློ་བཟང་དབང་རྒྱལ་ཐུགས་དམ་ལ་བཞུགས་ཏེ་ཉིན་༡༣ ཕྱིན་ཡོད་པ།


བོད་མི་མང་སྤྱི་འཐུས་ཟུར་པ་དགེ་བཤེས་བློ་བཟང་དབང་རྒྱལ་ཉེ་དུས་ཕྱི་ཟླ་དང་པོའི་ཚེས་༢༡གི་ཉིན་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་ཐུགས་དམ་ལ་བཞུགས་ཏེ་ཉིན་༡༣ཕྱིན་ཡོད་པ་དང་། བཞུགས་སྒར་རྡ་རམ་ས་ལའི་བོད་གཞུང་བདེ་ལེགས་སྨན་ཁང་གི་ཨེམ་ཇི་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་དགེ་བཤེས་དབང་རྒྱལ་ལགས་ཀྱི་སྐུ་ཁམས་ཀྱི་བབས་ལ་ཚན་རིག་ཀྱི་ལམ་ནས་ཞིབ་འཇུག་རྟག་དཔྱད་གནང་ཡོད་པ་སོགས་ཀྱི་སྐོར་ལ་ཕུན་ཚོགས་ཚེ་རིང་གིས་དགའ་ལྡན་ཤར་རྩེའི་དགེ་བཤེས་ཐུབ་བསྟན་བསྟན་དར་ལགས་ལ་གནས་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་ཞུས་པའི་གནས་ཚུལ་དེ་གསན་གྱི་རེད།
XS
SM
MD
LG