ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

འཇར་མན་གྱི་དམག་གྲུ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་སྐྱོད།


༄༅།། ཡུ་རོབ་རྒྱལ་ཁབ་འཇར་མན་ཎིའི་དམག་གྲུ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་སྐྱོད་དུ་བཏང་ཡོད་ཅིང་། འདི་ནི་འཇར་མན་གཞུང་གིས་རང་གི་དམག་གྲུ་ཞིག་ལོ་བཅུ་ཕྲག་གཉིས་ཡས་མས་ཤིག་གི་རྗེས་སུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་བཏང་བ་ཐེངས་དང་པོ་ཡིན་པར་མ་ཟད། རྒྱ་ནག་གིས་མངའ་ཁུལ་དེའི་བདག་དབང་རྩོད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པར་ཨ་མི་རི་ཀ་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ངོ་རྒོལ་བྱས་ནས་རྒྱལ་སྤྱིའི་མཚོ་ལམ་འགྲིམ་འགྲུལ་རང་དབང་ལ་སྲུང་སྐྱོབ་ཀྱི་ལས་དོན་མཉམ་སྒྲུབ་བྱེད་ཀྱི་ཡོད་པ་མཚོན་ཡོད་པའི་སྐོར། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG