ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

འཇར་མན་ཎིར་མཉམ་སྐྱོང་སྲིད་གཞུང་འཛུགས་འཆར།


༄༅།། རེས་གཟའ་ཉི་མའི་ཉིན་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་རྒྱལ་ཡོངས་འོས་བསྡུ་བྱས་ཏེ་སྤྱི་ཚོགས་དམངས་གཙོ་ཚོགས་པར་འཐུས་མི་མང་བ་ཐོབ་ཡོད་ཅིང་། ད་ཐེངས་ཀྱི་འོས་འདེམས་ནི་༢༠༠༥་ནས་༢༡་བར་དུ་ལོ་༡༦་གི་ནང་དུ་གཞུང་འཛིན་རྙིང་ཞེན་ཚོགས་པར་ཕམ་ཉེས་བྱུང་སྟེ་ཚོགས་པ་གཞན་ཞིག་ལ་སྲིད་གཞུང་འཛུགས་རྒྱུའི་གོ་སྐབས་ཐོབ་པ་ཐེངས་དང་པོ་ཡིན་པར་མ་ཟད། འཇར་མན་ཎིའི་སྲིད་དོན་ཚོགས་པ་གསུམ་གྱིས་འཕྲལ་དུ་མཉམ་སྐྱོང་སྲིད་གཞུང་འཛུགས་འཆར་ཡོད་ཅེས་གཟའ་ཟླ་བའི་ཉིན་མོར་གསལ་བསྒྲགས་སྤེལ་འདུག་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG