ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཉི་མ། ༢༠༢༦/༠༢/༠༨
བོད།
དགེ་ལུཊ་པའི་གདན་ས་ཁག་ཏུ་འོས་བསྡུའི་དྲིལ་བསྒྲཊ་སྤེལ་མི་ཆོག་པ།
༡༢།༠༩།༢༠༢༠
དགེ་ལུཊ་པའི་གདན་ས་ཁག་ཏུ་འོས་བསྡུའི་དྲིལ་བསྒྲཊ་སྤེལ་མི་ཆོག་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། རྒྱ་གར་དུ་གཞིས་ཚུགས་པའི་བྱེས་ཀྱི་གདན་ས་གསུམ་གཙོས་དགེ་ལུགས་པའི་ཆོས་སྡེ་དང་བཤད་གྲྭ་ཁག་ཏུ་འོས་བསྡུའི་སྐབས་སུ་འོས་མི་དང་དེ་དག་གི་རྒྱབ་སྐྱོར་པ་ཚོས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་མི་ཆོག་ཅིང་། འོས་བསྡུ་ལ་དམིགས་པའི་དགེ་འདུན་པའི་ཀུན་སྤྱོད་ཀྱི་ལམ་སྟོན་དོན་ཚན་དགུ་གསལ་བསྒྲགས་སྤེལ་འདུག དེ་ཡང་རེས་གཟའ་པ་སངས་ཉིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་དགེ་ལུགས་པའི་གདན་ས་གསུམ་གཙོས་ཆོས་སྡེ་ཁག་ལ་གསལ་བསྒྲགས་ཡིག་ཆ་ཞིག་བཀྲམ་ཡོད་པར་འཁོད་དོན་ལྟར་ན། ༢༠༢༡་ལོའི་སྲིད་སྐྱོང་དང་བོད་མི་དམངས་སྤྱི་འཐུས་སྐབས་༡༧་པའི་འོས་བསྡུའི་སྐབས་སུ་དགོན་པའི་ཁོར་ཡུག་ཏུ་ཁྱབ་བསྒྲགས་དང་འཕྲེད་དར། སྦྱར་ཡིག་སོགས་སྦྱར་འགེལ་བྱེད་མི་ཆོག་པར་མ་ཟད། དགོན་པའི་མཁར་དངོས་སོགས་ཀྱང་བེད་སྤྱོད་གཏང་མི་ཆོག་ཅེས་ཐག་གཅོད་བྱས་ནས་ལམ་སྟོན་དོན་ཚན་དགུ་བཀྲམ་འདུག
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་ལམ་སྟོན་འདི་ནི་ཐེངས་དང་པོ་ཡིན་ཞིང་། འདས་པའི་ལོ་ཤས་རིང་བོད་པའི་འོས་བསྡུའི་དུས་སུ་གྲྭ་བཙུན་གྱིས་ཀུན་སྤྱོད་བསྟེན་སྟངས་ཡག་པོ་མ་བྱུང་བའི་རྐྱེན་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་འཚབ་དང་ཐུགས་ཕམ་གྱི་གནས་ཚུལ་བྱུང་ཡོད་པས་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་ཁོངས་མཁན་རིན་པོ་ཆེ་རྣམ་པས་གཞེན་སྐུལ་གནང་སྟེ་འགྱུར་བ་བཏང་བ་ཞིག་རེད་ཅེས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་འཛིན་སྐྱོང་ངེས་སྟོན་པ་མཁན་ཟུར་བྱང་ཆུབ་ཆོས་ལྡན་གྱིས་འགྲེལ་བརྗོད་གནང་སོང་། ཁོང་གིས་ཐག་གཅོད་འདི་རི་བོ་དགེ་ལྡན་པའི་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོའི་དོན་ཚན་ལྔ་པ་སྟེ། ཀུན་སྤྱོད་ཀྱི་ནང་གསེས་བཅོ་ལྔ་པར་གསལ་ཡོད། གཞུང་འབྲེལ་གྱི་ཆབ་སྲིད་དང་རིག་གཞུང་སོགས་ཀྱི་ལས་འགུལ་མ་ཡིན་པའི་ཚོགས་སྡེ་གཞན་གྱི་ལས་འགུལ་ཁག་ལ་གདན་སའི་སློབ་གཉེར་བ་རྣམས་མཉམ་ཞུགས་བྱེད་མི་ཆོག་པའི་དགོངས་དོན་རེད། ལམ་སྟོན་གྲོས་ཆོད་དོན་ཚན་༩་ཅན་དེའི་ནང་དུ་འོས་མི་སུ་ཞིག་གིས་སོ་སོའི་རྒྱབ་སྐྱོར་པ་ཚོར་རེ་སྐུལ་གྱིས་ཁྱབ་བསྒྲགས་ཀྱི་རིགས་དགོན་པའི་ཁོར་ཡུག་གི་གྱང་དང་རྩིག་པ། ཀ་བ་སོགས་སུ་སྦྱར་མི་ཆོག དགོན་པའི་ཚོམས་ཆེན་དང་ཆོས་ར། མཁར་དངོས་རྣམས་ཀྱང་བེད་སྤྱོད་གཏང་ཆོག་གི་མ་རེད། ལྷག་པར་དུ་སྔར་མེད་གསར་སྤྲོས་ཀྱི་ལམ་སྲོལ་ཏེ། འོས་མི་སུ་ཞིག་དགེ་ལུགས་པའི་སྤྱི་འཐུས་ལ་འདེམས་ཐོན་བྱུང་བའི་རྗེས་སུ་ཐོག་མར་གདའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་ལ་མཇལ་ཁ་ཞུས་ཏེ་དགེ་ལུགས་པའི་སྤྱི་འཐུས་ཀྱི་འོས་འགན་མིང་དོན་མཚུངས་པ་དང་རང་ཚུགས་བརྟན་པོ་འཛིན་དགོས་པ། ཆོས་ལུགས་དང་ཆོས་བརྒྱུད་ཀུན་ལ་འདྲ་མཉམ་དང་གུས་བཀུར་གྱིས་༧གོང་ས་མཆོག་གི་བཀའ་དགོངས་ཁག་འགལ་བ་མེད་པར་བསྒྲུབ་རྒྱུར་འབད་བརྩོད་ལྷོད་མེད་ཞུ་རྒྱུ་ལས། ཆོལ་ཁ་དང་ཆོས་བརྒྱུད་སོགས་ཀྱི་འཐེན་འཁྱེར་དུ་ཞུགས་པ། དེ་བཞིན་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་གཏན་ནས་མི་འགྱུར་བའི་ཁས་ལེན་ཞུ་དགོས་པ་སོགས་བཟོས་འདུག
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལ་ཐེངས་འདིའི་ལམ་སྟོན་ཐག་གཅོད་རྣམས་དམངས་གཙོའི་ཐོབ་ཐང་ལ་འགལ་གྱི་འདུག་ཅེས་གླེང་སློང་བྱེད་མཁན་འབྱུང་མི་སྲིད་པ་མིན་པས་དེ་ལ་དགོངས་པ་ཇི་ལྟར་བཞེས་ཀྱི་ཡོད་ཅེས་བཅར་འདྲི་ཞུས། ཁོང་གིས་ལུགས་དང་མཐུན་པའི་སྒོ་ནས་དམངས་གཙོའི་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་དགོས་པ་ལས་དམངས་གཙོའི་ལས་རིམ་ཁག་ལ་ཞུགས་མི་ཆོག་ཟེར་གྱི་མེད་ཅེས་བཀྲལ། ཐེངས་འདིའི་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད་དེ་དག་ནི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ཤར་བྱང་ཆོས་རྗེ་རྣམ་གཉིས་དང་གདན་ས་གསུམ་། གྲྭ་ཚང་དྲུག་དང་རྒྱུད་གྲྭ་སྟོད་སྨད་སོགས་ཀྱི་མཁན་རིན་པོ་ཆེ་དང་སྐུ་ཚབ་བཅས་ཀྱིས་ཐག་གཅོད་གནང་བ་ཞིག་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལྷན་ཁང་གིས་ཕྱི་ཟླ་༨་ཚེས་༥་ཉིན་ཐེངས་འདིའི་འོས་བསྡུ་ཆེན་མོའི་འོས་མིར་བཞེང་མཁན་རྣམས་ལ་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་དོན་ཚན་༨་བཀྲམ་ཡོད་པ་དེའི་ནང་དུ་སྒྲིག་གཞི་ཁག་ལ་གསལ་བ་ལྟར་སློབ་གྲྭ་ཁག་ཏུ་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་དང་དྲིལ་བསྒྲགས། སྦྱར་ཡིག་གི་རིགས་འགྲེམ་སྤེལ་བྱེད་མི་ཆོག་ཅེས་བཀོད་ཡོད་པའི་སྐོར། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གནས་ཚུལ་མཁོ་གཏོང་བ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
དགེ་ལུཊ་པའི་གདན་ས་ཁག་ཏུ་འོས་བསྡུའི་དྲིལ་བསྒྲཊ་སྤེལ་མི་ཆོག་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:07:50
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
རྒྱ་དཀར་ནག་གིས་ཕན་ཚུན་སྐྱོན་འཛུགས་བྱེད་རེས།
བོད་པ་ལྔས་སུད་སི་རྒྱལ་ཁབ་ཏུ་བོད་དོན་གོམ་བགྲོད།
XS
SM
MD
LG