ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་དགུ་པ་སྐྱེ་དགུ་མདོར་ཚོགས།


བོད་ཀྱི་ཆོས་རྒྱུད་ཆེན་པོ་ས་དགེ་དཀར་རྙིང་དང་། གཡུ་དྲུང་བོན་བཅས་ཆོས་ལུགས་རིས་མེད་དང་། དེ་བཞིན་ཤེས་ཡོན་ཚན་ཁག་དབྱེར་མེད་ཀྱི་ཤེས་ཡོན་ཅན་བརྒྱ་ཕྲག་མང་པོ་མདོ་ཁམས་སྐྱེ་དགུ་མདོའི་ལབ་དགོན་པར་ལྷན་འཛོམས་གནང་སྟེ། ཁོང་ཚོ་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་དགུ་པར་མཉམ་བཞུགས་གནང་ཡོད་པ་དང། མཁས་པ་རྣམ་པས་ནང་ཆོས་ཀྱི་ངོ་བོ་དང་ཕན་ནུས། ད་དུང་དུས་རབས་ཉེར་གཅིག་པའི་འོས་འགན་དང་བོད་མི་རིགས་ཀྱི་འཚོ་གནས་སོགས་ལ་བགྲོ་གླེང་ལྷུག་པོ་གནང་ཡོད་པའི་སྐོར། བསོད་ནམས་གཡང་འཛོམས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG