ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

འབྱོར་ལྡན་རྒྱལ་ཁབ་ཚོས་དབུལ་ཕོངས་ཉམས་ཐག་གི་དཀའ་སྡུག་སེལ་རྒྱུ


འཛམ་གླིང་གི་བཟོ་ལས་འཛུགས་བསྐྲུན་ལྡན་པའི་འབྱོར་ལྡན་རྒྱལ་ ཁབ་བརྒྱད་ཀྱི་དབུ་ཁྲིད་རྣམ་པས་རིང་མིན་གནང་ལ་ཉེ་བའི་ལྷན་ཚོགས་ཀྱི་ སྐབས་སུ་བཟའ་བཅའ་མི་སྡེང་བ་དང་ དབུལ་ཕོངས་ཉམས་ཐག་གི་དཀའ་རྙོག་ སེལ་ཐབས་བྱ་རྒྱུའི་གནད་དོན་དེ་བཞིན་གྲོས་མོལ་གནང་རྒྱུའི་གནད་དོན་ཁག་གི་ཁོངས་ནས་གལ་ཆེ་རིམ་པ་དང་པོར་བཞག་རྒྱུ་ཡིན་འགྲོ་བ་མིའི་ཐོབ་ཐང་དོན་ གཉེར་ཅན་གྱི་ཚོགས་སྡེ་ཁག་གིས་རེ་བ་རྒྱག་གི་ཡོད་པ་དང་། དབུ་ཁྲིད་དེ་དག་ གིས་ཟླ་བ་འདིའི་མཇུག་ཏུ་ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དང་ཐག་ཉེ་འབྲེལ་ མཚུངས་ཀྱི་མངའ་སྡེ་ Maryland་ གྱི་་Camp David ས་གནས་སུ་ཚོགས་འདུ་གནང་རྒྱུ་ཡིན་པའི་སྐོར་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ Joe De Capua ཡིས་གནས་ཚུལ་སྤེལ་བ་དེ་བྱང་ཆུབ་སྒྲོལ་མས་ཕབ་བསྒྱུར་དང་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།

XS
SM
MD
LG