ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༡/༢༢

ཏ་ལི་བྷན་གྱི་འགོ་ཁྲིད་ཚོའི་ནང་ཁུལ་དུ་འགལ་ཟླ་ཇེ་ཆེ།


༄༅།། ཏ་ལི་བྷན་ཤོག་ཁག་གིས་གཟའ་འཁོར་སྔོན་མར་བློན་ཆེན་ལྷན་ཁང་གི་འགོ་ཁྲིད་ཚོ་བསྐོ་བཞག་བྱས་ཡོད་ཅིང་། དེ་ནི་ལོ་རབས་༩༠་པའི་འགོ་ཁྲིད་བསྐོ་བཞག་བྱེད་སྟངས་དང་འདྲ་མཚུངས་སུ་གྱུར་ཡོད་པར་ཟད་། ཏ་ལི་བྷན་གྱི་དབང་འཛིན་གསར་པའི་ཁོངས་སུ་མི་རིགས་ཚང་མ་འདུ་རྒྱུའི་ཁས་ལེན་བྱས་ཀྱང་ལག་ལེན་དོན་འཁྱོལ་བྱུང་མེད་པ་རེད། དེར་བརྟེན་ཏ་ལི་བྷན་ཤོག་ཁག་གི་འགོ་ཁྲིད་ཚོའི་ནང་ཁུལ་དུ་ལྟ་བ་མཁྲེགས་འཛིན་པ་དང་གུ་ཡངས་ཀྱི་ལྟ་བ་འཛིན་མཁན་རྣམས་འཁྲུག་རྩོད་བྱུང་སྟེ་དབང་རྩོད་ཀྱི་འགལ་ཟླ་ཆེ་རུ་ཕྱིན་ཡོད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG