ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་ནི་རང་དབང་མེད་པའི་རྒྱལ་ཁབ་སྡུག་ཤོས་གྲུས་སུ་ངོས་འཛིན།


༄༅།། འཛམ་གླིང་འདིར་སྐད་གྲགས་ཡོད་པའི་དམངས་གཙོ་དར་སྤེལ་གཏོང་མཁན་གྱི་ཚོགས་པ་རང་དབང་ཁང་གིས་ཕྱི་ཟླ་༣་པའི་ཚེས་༤་ཉིན་ལོ་འཁོར་སྙན་ཐོ་བཏོན། ད་ལོའི་སྙན་ཐོ་དེར་འཛམ་གླིང་ཡོངས་སུ་དམངས་གཙོ་དང་རང་དབང་ལ་རྒོལ་རྡུང་ཚབས་ཆེན་ཞིག་ཕོག་སྟེ་རང་དབང་དང་དམངས་གཙོའི་ཚད་གཞི་ནི་ཧ་ཅང་ཉམ་དམས་ཀྱི་གནས་སུ་ལྷུང་འདུག་ཅེས་གསལ་སྟོན་བྱས་ཤིང་། རྒྱལ་སྤྱིའི་རང་དབང་ཁང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་རང་ཡུལ་དུ་གདུག་རྩུབ་ཆེན་པོས་དྲག་གནོན་དང་ཕྱིའི་དམངས་གཙོའི་རྒྱལ་ཁབ་ཁག་གི་འོས་འདེམས་ལ་ཐེ་གཏོགས་བྱས་ནས་ཆབ་སྲིད་ཀྱི་ཟིང་ཆ་སློང་གི་ཡོད་པས་རྒྱ་ནག་ནི་རང་དབང་གི་ཚད་གཞི་དམའ་ཤོས་ཀྱི་རྒྱལ་ཁབ་བཅོ་ལྔའི་གྲས་ཀྱི་གཅིག་ཡིན་ཞེས་ཐེར་འདོན་བྱས་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG