ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རང་དབང་ཁང་ཞིབ་འཇུག་གིས་ཕྱི་ལོ་༢༠༡༤་ལོའི་སྙན་ཐོ་བཏོན་ཏེ། སྔ་ལོ་འཛམ་གླིང་ཡུལ་གྲུ་གང་སར་སྤྱི་དམངས་ཀྱི་རང་དབང་ཐོབ་ཐང་གི་གནས་སྟངས་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཏེ། ད་ལྟ་སྲིད་འབྱོར་རིམ་གསུམ་གྱི་ཤུགས་རྐྱེན་ཆེན་པོ་ཡོད་པའི་རྒྱལ་ཁབ་ཁག་ཏུའང་མི་མང་གི་རང་དབང་ལ་རྡོག་རྫི་གཏོང་བའི་གནས་ཚུལ་ཚབས་ཇེ་ཆེར་འགྲོ་བཞིན་འདུག་ཅེས་འཁོད་ཡོད་པ་རེད།